From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འབྲས་རྟོག་གཉིས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཚད་མ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། འབྲས་རྟོགས་གཉིས་པའི་སྐབས་སུ། གཟུང་རྣམ་གཞལ་བྱ། གཟུང་རྣམ་ཡོངས་སུ་དཔྱོད་བྱེད་འཛིན་རྣམ་ཚད་མ། གཟུང་རྣམ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་འཇོག་ཅིང༌། ཞེས་གསུངས།
|
འབྲས་རྟོག་གཉིས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
འབྲས་རྟོག་གསུམ་གྱི་ཡ་གྱལ་གང་ཞིག་ཕྱི་དོན་ཁས་མི་ལེན་པའི་དབང་དུ་བྱས་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་ཞིག་སྟེ་དེ་ལ་གཞན་རིག་གི་ཚད་འབྲས་རྣམ་གཞག་དང། རང་རིག་གི་ཚད་འབྲས་རྣམ་གཞག་གཉིས་སུ་ཡོད། དེ་ལྟར་ཡང་རྒྱལ་བ་དགེ་འདུན་གྲུབ་ཀྱི་མཛད་པའི་ཚད་མ་རིགས་རྒྱན་ལས། དེས་ན་རང་ལུགས་ལ་འབྲས་རྟོག་གཉིས་པའི་ཚད་འབྲས་ལ། གཞན་རིག་གི་ཚད་འབྲས་དང་། རང་རིག་གི་ཚད་འབྲས་གཉིས་ལས། ཞེས་དང། ཕྱི་དོན་གཞལ་བྱ་ཡིན་པ་བཀག་ནས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་གཞལ་བྱ་དང། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་རིག་པ་འབྲས་བུར་བྱས་པའི་འབྲས་རྟོག་གཉིས་པ་དང་། ཞེས་གསུངས།
|