68710
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚད་མ། འབྲས་རྟོག་གཉིས་པའི་ནང་ཚན་གཞན་རིག་གི་ཚད་འབྲས་ཞེས་པ་ནི་གཙོ་བོ་གཞན་རིག་གི་ཤེས་པ་དབང་མངོན་ཚད་མས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་དབང་དུ་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཞིག་ལ་ཟེར། དེ་ལྟར་ཡང་༸རྒྱལ་བ་དགེ་འདུན་གྲུབ་ཀྱི་མཛད་པའི་ཚད་མ་རིགས་རྒྱན་ལས། དེས་ན་རང་ལུགས་ལ་འབྲས་རྟོག་གཉིས་པའི་ཚད་འབྲས་ལ། གཞན་རིག་གི་ཚད་འབྲས་དང་། རང་རིག་གི་ཚད་འབྲས་གཉིས་ལས། དང་པོ་ནི། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་རྟོགས་པའི་ཚད་མ་འབྲས་བུའོ། །ཞེས་གསུངས། |