68711
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྲས་རྟོག་གཉིས་པའི་ནང་ཚན་རང་རིག་གི་ཚད་འབྲས་ཞེས་པ་ནི་རང་རིག་མངོན་སུམ་གྱི་ཚད་མས་ཤེས་པའི་བདག་ཉིད་དུ་གྱུར་པའི་རང་ཡུལ་རྟོགས་པའི་བཟུང་རྣམ་དེ་རྟོགས་ཚུལ་གྱི་དབང་དུ་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཞིག་ལ་ཟེར། དེ་ལྟར་ཡང་༸རྒྱལ་བ་དགེ་འདུན་གྲུབ་ཀྱི་མཛད་པའི་ཚད་མ་རིགས་རྒྱན་ལས། དེས་ན་རང་ལུགས་ལ་འབྲས་རྟོག་གཉིས་པའི་ཚད་འབྲས་ལ། གཞན་རིག་གི་ཚད་འབྲས་དང་། རང་རིག་གི་ཚད་འབྲས་གཉིས་ལས། གཉིས་པ་ནི། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་རྟོགས་པའི་གཟུང་རྣམ་གཞལ་བྱ། དེ་ལ་ངེས་པ་གསར་དུ་འདྲེན་ནུས་ཀྱི་འཛིན་རྣམ་ཚད་མ། དེ་ཡོངས་སུ་གཅོད་བྱེད་ཀྱི་རང་རིག་ཚད་མ་འབྲས་བུའོ། །ཞེས་གསུངས། |
| Domain | ཚད་མ། |