68712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟོག་གསུམ་པ་ (1)
Part of speech མིང་ཚིག
Definition འབྲས་རྟོག་གསུམ་གྱི་ཡ་གྱལ་གང་ཞིག ཕྱི་དོན་གཞལ་བྱར་བྱས་པའི་འབྲས་རྟོག་དང་པོའི་རྣམ་གཞག་ཁས་ལེན་པའི་མདོ་སྡེ་བ་ལ་སེམས་ཙམ་པས་མདོ་སྡེ་བ་ཁྱེད་རང་གིས་ཕྱི་དོན་དུ་འདོད་པའི་གཟུགས་སོགས་གཞལ་བྱར་བྱས་པའི་ཚེ་ནའང་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་གཞལ་བྱར་བྱས་ནས་རིག་པ་འབྲས་བུར་གཞག་དགོས་སོ་ཞེས་ཕུལ་མཚམས་སུ་བཀོད་པའི་ཚད་འབྲས་ཀྱི་རྣམ་གཞག་ལ་ཟེར། དེ་ལྟར་ཡང་༸རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚད་མ་རིགས་རྒྱན་ལས། དེ་ཡང་རེ་ཞིག་ཕྱི་དོན་ཁས་ལེན་པའི་མདོ་སྡེ་པ་དང་ཐུན་མོང་དུ་འབྲས་རྟོག་དང་པོ་བསྟན་ལ། ཕྱི་དོན་གཞལ་བྱ་ཡིན་པ་བཀག་ནས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་གཞལ་བྱ་དང། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་རིག་པ་འབྲས་བུར་བྱས་པའི་འབྲས་རྟོག་གཉིས་པ་དང་། ཕྱི་དོན་གཞལ་བྱ་ཡིན་པ་བཀག་པའི་རང་ལྡོག་ནས་མ་བསྟན་པར་དོན་སྨྲ་བ་ཁྱེད་རང་དོན་དུ་འདོད་པའི་གཟུགས་སོགས་གཞལ་བྱར་བྱས་པའི་ཚེ་ནའང་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་སོགས་རིག་པ་འབྲས་བུར་གཞག་དགོས་སོ་ཞེས་འབྲས་རྟོག་གསུམ་པ་བསྟན་ཏེ། འདི་ཡང་སེམས་ཙམ་པའི་ལུགས་ཡིན་ནོ། །ཞེས་གསུངས།
Domain ཚད་མ།