From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འབྲས་རྟོག་དང་པོ་ (1)
| Part of speech
|
མིང་ཚིག
|
| Definition
|
རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། འབྲས་རྟོགས་དང་པོའི་སྐབས་སུ། སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་འཇོག་པ། ཞེས་གསུངས།
|
| Domain
|
ཚད་མ།
|
འབྲས་རྟོག་དང་པོ་ (2)
| Part of speech
|
མིང་ཚིག
|
| Definition
|
འབྲས་རྟོག་གསུམ་གྱི་ཡ་གྱལ་གང་ཞིག ཕྱི་དོན་སོགས་གང་གིས་ཀྱང་ཁྱད་པར་དུ་མ་ཕྱེ་བའི་གཟུགས་སོགས་གཞལ་བྱར་བྱས་པའི་མདོ་སེམས་ཐུན་མོང་དུ་ཁས་ལེན་པའི་ཚད་འབྲས་ཀྱི་རྣམ་གཞག་དང། ཕྱི་དོན་གྱིས་ཁྱད་པར་དུ་བྱས་པའི་གཟུགས་སོགས་གཞལ་བྱར་བྱས་པའི་མདོ་སྡེ་བའི་ཐུན་མོང་མ་ཡིན་་པའི་དབང་དུ་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཞིག་ལ་ཟེར། དེ་ལྟར་ཡང་༸རྒྱལ་བ་དགེ་འདུན་གྲུབ་ཀྱི་མཛད་པའི་ཚད་མ་རིགས་རྒྱན་ལས། གཉིས་པ་རང་ལུགས་ནི། གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། གཟུགས་རྟོགས་པའི་ཚད་མ་འབྲས་བུ་ཞེས་བྱ་བ་ནི། མདོ་སྡེ་པ་དང་སེམས་ཙམ་པ་གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་ཚད་འབྲས་ཡིན་ལ། ཕྱི་རོལ་གྱི་གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་ཕྱི་རོལ་གྱི་གཟུགས་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། ཕྱི་རོལ་གྱི་གཟུགས་རྟོགས་པའི་ཚད་མ་འབྲས་བུ་ཞེས་བྱ་བ་ནི་མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཡིན་ནོ། །ཞེས་གསུངས།
|