From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཏམ་མཇུག་བཅད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
གཏམ་མམ་སྐད་ཆ་ཤོད་བཞིན་པའི་གནས་སྐབས་སུ་མཇུག་མ་རྫོགས་གོང་རང་མཚམས་ཀྱིས་མཚམས་བཞག་པའི་དོན།
|
| Example
|
ཁོང་གིས་མི་མང་ལ་གསུང་བཤད་གནང་སྐབས་གློ་བུར་དུ་གཏམ་མཇུག་བཅད་པ་དང་ལྷན་ཕྱི་ལ་ཐོན་སོང་ལྟ་བུ།
|
གཏམ་མཇུག་བཅད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
མི་གཞན་གྱིས་སྐད་ཆ་ཤོད་བཞིན་པའི་གནས་སྐབས་སུ་སྐད་ཆའི་མཇུག་ཤོད་དུ་མ་བཅུག་པར་བར་འཚང་བྱས་ནས་མཚམས་བཅད་པའི་དོན་ལ་འཇུག་སྟེ།
|
| Example
|
ཁྱོད་ཀྱིས་ཁོང་གི་གཏམ་མཇུག་བཅད་པ་ནི་བཟང་སྤྱོད་དང་མི་མཐུན་པ་ཞིག་རེད་ལྟ་བུ།
|