68740
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་སྟག་ལེབ་མཆོག་ནི། མདོ་སྟོད་བར་ཁམས་དཔལ་ཤོད་ཀྱི་མངའ་ཁོངས། ཡུལ་བཞི་ཞེས་པའི་ལུང་པ་ཉེ་བ་སེ་ལེབ་ཅེས་པར་འཁྲུངས། བྱ་ཕུད་མདོ་སྔགས་དར་རྒྱས་གླིང་དགོན་པར་རབ་ཏུ་བྱུང་། དབུས་སུ་ཕེབས་ནས་རྗེ་ཙོང་ཁ་བ་དང་འཇམ་དབྱངས་ཆོས་རྗེ་རྣམ་གཉིས་ལས་གཞུང་ཆེན་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཐོས་བསམ་སྒོམ་པ་མཐར་ཕྱིན་མཛད་དེ། མཁས་པའི་མཚན་སྙན་རྒྱས། མཛད་འཕྲིན་ཤིན་ཏུ་ཆེ་བ་བྱུང་སྟེ་སྒོ་མང་གྲྭ་ཚང་གི་འཆད་ཉན་གྱི་སློབ་དཔོན་མཛད། |
| Domain | ལོ་རྒྱུས། |