68741
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞུ་ཁང་པ་དགེ་ལེགས་ལྷུན་འགྲུབ་མཆོག་ནི། རབ་བྱུང་བཅུ་བའི་ནང་སྨད་ཙམ་ལ་སྒོ་མང་གི་འཆད་ཉན་སློབ་དཔོན་དང་། མདོ་དང་རྒྱུད་སྡེ་ལ་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡོད་འདུག་ཀྱང་། ལོ་རྒྱས་གསལ་ཁ་སོགས་ཡིག་ཆ་མ་མཐོང་། འདི་བས་མཛད་པའི་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་ཅིག་དང་། རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དད་པའི་སྒོ་འབྱེད་ཅེས་བྱ་བ་སོགས་ཡོད་འདུག ཆུ་བཟང་སྐུ་ཕྲེང་དང་པོ། སྟོད་ལུང་ཆུ་བཟང་བ་རྣམ་རྒྱལ་དཔལ་འབྱོར་སྒོ་མང་ལ་ཐུགས་གཉེར་མཛད་སྐབས་གཞུ་ཁང་བ་ལས་དབུ་ཕར་མཛོད་འདུལ་སོགས་གསན་ནས་གླེང་བསྲེའི་མཚན་རྟགས་མཛད་ཚུལ་མདོ་སྨད་ཆོས་འབྱུང་དུ་གསལ། |
| Domain | ལོ་རྒྱུས། |