68742
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆུ་བཟང་ཆོས་གྲགས་རྣམ་རྒྱལ་མཆོག་ནི། རྣམ་དཔྱོད་ལ་གཏུགས་པ་མེད་པའི་སྤོབས་པ་མངའ་བར་གྲགས། སྐྱོར་མོ་ལུང་དགོན་པར་ནང་གསེས་གྲྭ་ཚང་གསུམ་ཡོད་པའི་མཚན་ཉིད་གྲྭ་ཚང་གི་འཆད་ཉན་རྒྱུན་ནུབ་པ་ཕྱིས་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་སླར་ཡང་འཆད་ཉན་གྲྭ་ཚང་གསར་དུ་བཙུགས་ཏེ། དཔོན་སློབ་ཆུ་བཟང་ཆོས་གྲགས་རྣམ་རྒྱལ་འདི་ཉིད་འཆད་ཉན་སློབ་དཔོན་དུ་བསྐོས་ནས་འཆད་ཉན་ཤིན་ཏུ་དར་བའི་མཛད་རྗེས་ཆེ། བེ་སེར་དུ། རབ་བྱུང་ ༡༠་་་༡༣ མེ་སྟག་ཟླ་གཉིས་པའི་ནང་རྗེ་ཡོན་ཏན་རྒྱ་མཚོའི་དངུལ་གདུང་རབ་གནས་གྲུབ་རྗེས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དབུ་བཞུགས་ཐོག སེ་འབྲས་སློབ་དཔོན་ཁྲི་གདན་ཟུར་ཚོགས་སྐབས་སྐྱབས་རྗེ་ཕ་བོང་ཁ་དཔལ་འབྱོར་ལྷུན་འགྲུབ་དང་། སྒོ་མང་ཆོས་གྲགས་རྣམ་རྒྱལ་གཉིས་ནས་ཆོས་ཀྱི་འབེལ་གཏམ་མཛད་ཟེར། |
| Domain | ལོ་རྒྱུས། |