68744

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་ཉེར་གསུམ་པ་ (1)
Part of speech མིང་ཚིག
Definition གུང་རུ་རབ་འབྱམས་པ་སངས་རྒྱས་བཀྲ་ཤིས་མཆོག་ནི། རྟ་ཚག་རྗེ་དྲུང་ངག་དབང་དཀོན་ཅོག་ཉི་མ་ལས་རབ་ཏུ་བྱུང་། དབུས་སུ་ཕེབས་ནས་སྒོ་མང་གྲྭ་ཚང་དུ་རྗེ་བྱམས་པ་ལྷུན་གྲུབ་དང་། གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ། ཆུ་བཟང་ཆོས་གྲགས་རྣམ་རྒྱལ་གསུམ་བསྟེན་ནས་གཞུང་ཆེན་རྣམས་ལ་སྦྱང་གསན་དང་། དབང་ལུང་མན་ངག་གི་མཛོད་དུ་གྱུར། རིམ་བཞིན་ཤར་བ་ཆོས་རྗེའི་ཁྲིར་ཕེབས། རབ་བྱུང་༡༠ ཆུ་ཁྱི་ཕྱི་ལོ་༡༦༢༢ ལོར་འབྲས་སྤུངས་མཁན་པོ་ལས་ཐོག་པ་དང་། འདི་བའི་གོང་དུ་ལྷ་སའི་སྨོན་ལམ་ལ་དགེ་ལུགས་པའི་གྲྭ་སྐོར་ཚུགས་མེད། རབ་བྱུང་ ༡༠ ཤིང་གླང་ཕྱི་ལོ་༡༦༢༥ ལོར་སྒོ་མང་ནས་རྗེ་འདི་ཉིད་དང་དཀོན་ཅོག་ཆོས་བཟང་གཉིས། གཞན་དྭགས་པོ་དཀའ་བཅུ་བཅས་ལྔས་གྲྭ་སྐོར་ཚུགས། ཁོང་རྣམས་ལྷ་སའི་སྨོན་ལམ་གྱི་གྲྭ་སྐོར་དང་པོ་ཡིན།
Domain ལོ་རྒྱུས།