68748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་དྲུག་ཅུ་པ་ (1)
Part of speech མིང་ཚིག
Definition མཁན་ཆེན་བསྟན་པ་ཆོས་འཕེལ་འདི་ཉིད་གངས་ལྗོངས་ས་ཡི་ཐིག་ལེ་གསང་ཕུ་ནེའུ་ཐོག་གནས་ནང་ཞེས་པའི་ཁྱིམ་ཚང་དུ། རབ་བྱུང་བཅུ་བཞི་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བ་ཕྱི་ལོ་ ༡༨༤༠ ལོར་ཡབ་སྡེ་བ་སྐལ་བཟང་དོན་གྲུབ་དང་ཡུམ་ལྷས་སྲུང་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཉེར་གསུམ་པ་ཆུ་ཁྱི་ལོར་རྡོ་རམས་པའི་མཚན་གཏགས་བཞེས། དགུང་ལོ་ཉེར་བརྒྱད་པར་རྫ་ཆུ་ཁར་ཕེབས། ཁ་ན་དགོན་ལ་དུས་དྲན་གྱི་གསོ་སྦྱོང་གི་མདོ་གསུངས་ཏེ་གཞི་གསུམ་གྱི་ཉམས་བཞེས་དང། རྒྱུད་གྲྭ་གསར་དུ་ཚུགས་ཏེ་རྒྱུད་ཀྱི་འཆད་ཉན་ཡང་དག་པར་བཙུགས། རབ་བྱུང་ ༡༥ ཤིང་ཕོ་རྟ། ཕྱི་ལོ་ ༡༨༩༤ ལོར་དགུང་གྲངས་ང་ལྔ་བཞེས་པའི་ཚེ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནས་སྒོ་མང་གྲྭ་ཚང་གི་ཆོས་ཁྲིར་བསྐོ་བཞག་གིས་ལོ་བཅུ་གཅིག་བཞུགས། བཀའ་རྩོམ་མཛད་པ་ཡང་དམིགས་བརྩེ་མའི་བེའུ་བུམ་པོད་གསུམ་སོགས་ཁྱོན་པོད་བདུན་བཞུགས། ཕྱི་ལོ་༡༩༠༧ ལོར་སྐུ་གཤེགས།
Domain ལོ་རྒྱུས།