68751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་གསུམ་པ་ (1)
Part of speech མིང་ཚིག
Definition ངག་དབང་བློ་བཟང་འཇིགས་མེད་རྒྱ་མཚོ་མཆོག་ནི། རབ་བྱུང་ ༡༥ ཆུ་ལུག་ཕྱི་ལོ་ ༡༨༨༣ ལོར་ལྷ་སར་ལྕག་རོང་སྤྱི་ཕྱག་གི་མི་རྒྱུད་དུ་འཁྲུངས། དགུང་ལོ་བདུན་པའི་ཐོག་བར་ཐོག་ཚང་གོང་མའི་སྤྲུལ་སྐུར་ངོས་འཛིན་གྱིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང། དགུང་ལོ་ཉི་ཤུ་རྩ་གྲངས་ཤིག་ལ་གླིང་བསྲེ་དཀའ་བཅུའི་མཚན་བཏགས་བཞེས། རབ་བྱུང་ ༡༥ བའི་ཆུ་གླང་ཕྱི་ལོ་ ༡༩༡༣ དགུང་ལོ་སོ་གཅིག་ཐོག་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། དམིགས་བསལ་ཚོགས་ཆེན་སྤྲུལ་སྐུ་ཞིག་གྲྭ་ཚང་གི་ཁྲིར་ཕེབས་ན་དེ་མ་ཐག་ཚོགས་ཆེན་ཁྲི་པ་མཛད་སྲོལ་ལྟར་ཚོགས་ཆེན་གྱི་ཁྲིར་ཡང་ཕེབས། ཁྲིར་ཕེབས་ནས་ཚོགས་ཆོས་སློབ་གཉེར་ལ་དོ་དམ་དང་སྒྲིག་ལམ་ཀུན་སྤྱོད་ལ་དམ་བསྒྲགས་ཆེས་ཆེར་མཛད་དེ་ཚུལ་བཞིན་སྒྲུབ་པ་རྣམས་ལ་གཟེངས་བསྟོད་དང། ཚུན་མིན་རྣམས་ལ་ངན་པ་རྒྱ་ཡན་དུ་མ་སོང་བར་ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་དམ་པའི་དཔེ་ལྟར་མཛད། མཐར་དགུང་གྲངས་དྲུག་ཅུ་རེ་གསུམ་པ། རབ་བྱུང་ ༡༦ པའི་ཤིང་བྱ་ཕྱི་ལོ་ ༡༩༤༥ ལོར། ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །
Domain ལོ་རྒྱུས།