68752
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསམ་བློ་སྐལ་བཟང་ལེགས་ལྡན་མཆོག་ནི། ཆེན་པོ་ཧོར་གྱི་ཡུལ་གྲུའི་པོ་སེར་ཡ་སྦོ་རད་ཐུར་འཁྲུངས། རབ་བྱུང་༡༥ ཆུ་ཁྱི་ཕྱི་ལོ་༡༩༢༢ ལོའི་བོད་ཟླ་བདུན་པའི་ནང་ཤིན་ཏུ་འགྲོད་པར་དཀའ་བའི་ཨུ་རུ་སུའི་ས་མཚམས་བརྒལ་ནས་ཕྱི་ལོ་༡༩༢༣ བོད་ཟླ་དྲུག་པའི་ནང་ཆོས་འཁོར་དཔལ་གྱི་ལྷ་སར་བདེ་བར་འབྱོར། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་ཁལ་ཁ་མི་ཚན་ནང་བཞུགས། ཡོངས་ཀྱི་དགེ་བའི་བཤེས་གཉེན་དགེ་བཤེས་བསྟན་པ་ལགས་སོགས་བསྟེན་ནས་གཞུང་ཆེན་ལྔ་ལ་གསན་བསམ་རྫོགས་པར་མཛད། ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་མཛད་སྐབས་ཨང་དང་པོའི་དང་པོ་བཞེས་པའི་གཟེངས་བསྟོད་དང། ནོར་གླིང་དུ་སྔགས་རྩོད་རྒྱུགས་བཞེས་སྐབས་ཨང་དང་པོའི་གཟེངས་བསྟོད་ཐོབ། རབ་བྱུང་༡༦ ཤིང་ལུག་ཕྱི་ལོ་༡༩༥༥ ལོར་ཁྲིར་ཕེབས་ནས་ཚོགས་ཆོས་སློབ་གཉེར་ལ་དམ་དྲག་ཆེ་བར་མཛད། ཕྱི་ལོ་༡༩༥༩ལོའི་རྒྱ་དམར་གྱི་དུས་འགྱུར་སྐབས་ལྷ་ས་གྲྭ་བཞིའི་བཙོན་ཁང་དུ་བཙོན་འཇུག་ཞུས། དམ་པ་དེ་ཉིད་བཙོན་ཁང་དེའི་ནང་རབ་བྱུང་༡༦ ཆུ་སྟག་ཕྱི་ལོ་༡༩༦༢ ལོར་དགོངས་པ་གཞན་དོན་དུ་གཤེགས་པར་སྣང་ངོ་། །གསུང་སྐྱེས་སློབ་མ་ཟུང་ཆུ་ཁྲི་ངག་དབང་ནོར་བུའི་སྐུ་ཕྲེང་གསུམ་པ། བྱང་རོང་པོ་དགོན་ཆེན་གྱི་བླ་མ་རོང་པོ་ཆོས་རྗེ། ལྷ་མོ་གསེར་ཁྲི་སྐུ་ཕྲེང་ལྔ་བ། འབྲས་སྤུངས་ཁྲི་པ་བསྟན་པ་བསྟན་འཛིན་སོགས་ཤིན་ཏུ་མང་པས་མཐའ་དག་འགོད་པར་མི་ནུས་སོ། ། |
| Domain | ལོ་རྒྱུས། |