68753

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་དྲུག་པ་ (1)
Part of speech མིང་ཚིག
Definition བསམ་བློ་ཆོས་འཕེལ་རྒྱལ་པོ་མཆོག་ནི། སྟོད་ལུང་རྣམ་པ་ཁང་གསར་ཞེས་པར་འཁྲུངས། གཞོན་ནུ་ཉིད་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གནས་ལྔ་རིག་པ་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྫོགས་པར་མཛད། རབ་བྱུང་༡༦ པའི་ཤིང་ཁྱི་ཕྱི་ལོ་༡༩༣༤ ལོར་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། རབ་བྱུང་༡༦ ལྕགས་སྟག་ཟླ་བ་བརྒྱད་པའི་ཚེས་ཉེར་དགུ་ཉིན་ཕྱེད་ཡོལ་ཙམ་ལ་(ཕྱི་ལོ་༡༩༥༠) བསྙུན་ཚུལ་བསྟན་ནས་དགོངས་པ་གཞན་དོན་དུ་གཤེགས་སོ། །
Domain ལོ་རྒྱུས།