68754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་བདུན་པ་ (1)
Part of speech མིང་ཚིག
Definition ཧར་གདོང་བསྟན་པ་ཆོས་གྲགས་མཆོག་ནི། བྱང་གསང་གཞུང་དབུས་མའི་ནང། བརྒྱ་དཔོན་ལྷ་རྒྱལ་ཞེས་བྱང་རིགས་སྡེ་བཞི་དང་ལྷ་ས་བཅས་པར་ཡོངས་སུ་གྲགས་པ་ཞིག་ཡོད་པ་དེའི་སྲས་སུ་རབ་བྱུང་༡༥ པའི་ཆུ་ལུག་ཕྱི་ལོ་༡༨༨༣ ལོར་འཁྲུངས། དགུང་ལོ་བཅུ་གྲངས་ཤིག་ནས་དཔལ་ལྡན་སྒོ་མང་ཧོར་མི་ཚན་དུ་ཞུགས་ནས་གཞུང་ཆེན་མོར་གསན་བསམ་རྫོགས་པར་མཛད། དགུང་ལོ་དྲུག་ཅུ་པ་རབ་བྱུང་༡༦ ཆུ་རྟ་ཕྱི་ལོ་༡༩༤༢ ལོར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། ཁྲི་ལོ་དྲུག་བཞུགས། དགུང་གྲངས་དྲུག་ཅུ་རེ་བརྒྱད་པ་ལྕགས་སྟག་ཕྱི་ལོ་༡༩༥༠ ལོར་དགོངས་པ་གཞན་དོན་དུ་གཤེགས་སོ། །
Domain ལོ་རྒྱུས།