68756

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་བརྒྱད་པ་ (1)
Part of speech མིང་ཚིག
Definition ཆོས་འཕེལ་འཇམ་དབྱངས་མཆོག་ནི། རབ་བྱུང་༡༥ ཆུ་ལུག་ཕྱི་ལོ་༡༨༨༣ ལོར་བྱང་གཉན་གྲོང་དུ་འཁྲུངས། དཔལ་ལྡན་སྒོ་མང་གྲྭ་ཚང་ཧོར་མི་ཚན་ཁོངས་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་རྫོགས་པར་མཛད། སྒོ་མང་དབུ་མཛད་ལོ་བཅུ་གཉིས་མཛད། དེ་ནས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོར་སྦྱངས། སྒོ་མང་བླ་མ་གཞུང་ལས་པ་ཡུན་རིང་མཛད། རབ་བྱུང་༡༦ ས་བྱི་ཕྱི་ལོ་༡༩༤༨ ལོར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། ཁྲི་ལོ་དྲུག་བཞུགས་ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱི་དུས་འགྱུར་སྐབས་ནག་མེད་ཉེས་འགེལ་མིང་འདོགས་སྣ་ཚོགས་ཀྱིས་བཙོན་དུ་བཅུག་ནས་སྡུག་སྦྱོང་སྣ་ཚོགས་གཏོང་ཡུལ་ཁུངས་སུ་ཚུད། དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་ཕེབས་པ་ཕྱི་ལོ་༡༩༦༤ ལོར་དགོངས་པ་གཞན་དོན་དུ་གཤེགས།
Domain ལོ་རྒྱུས།