68761
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གུང་རུ་བཀའ་བཅུ་བ་རིན་ཆེན་བྱང་ཆུབ་མཆོག་ནི། ལོ་ཤས་འཆད་ཉན་མཛད་པའི་སྟེང་ནས་མདོ་སྟོད་དཔལ་འབར་ཆོས་སྡེར་ཕེབས། རྗེ་དགེ་འདུན་རྒྱ་མཚོ་ལས་མཁས་གྲུབ་ནོར་བཟང་རྒྱ་མཚོའི་དུས་འཁོར་སྤྱི་དོན་གྱི་བཤད་པ་གསན། གསུང་རྩོམ་ཕར་ཕྱིན་སྤྱི་དོན་ཆེན་མོ་ཞེས་སྐད་གྲགས་ཅན་དང་རྣམ་འགྲེལ་སོགས་ཡོད་པར་གསལ། དཔལ་འབར་དགོན་ནི་སྔོོན་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་གྲངས་བཅུ་དགུའི་དུས་རྒྱ་ནག་ཏུ་ཧོར་སེ་ཆེན་རྒྱལ་བོའི་དབུ་བླ་མཛད་ནས་ཕྱིར་ཕེབས་ཞོར་ལྷ་རྩེ་ཞེས་པའི་ས་ཁུལ་དུ་དགོན་པ་བཏབ་པ་ལ་དཔལ་འབར་དགོན་ཞེས་བཏགས། ཕྱིས་སུ་མཁན་པོ་འདི་བས་དགོན་པ་དེ་དགེ་ལུགས་སུ་བསྒྱུར། |
| Domain | ལོ་རྒྱུས། |