68765

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་བཅུ་བདུན་པ་ (1)
Part of speech མིང་ཚིག
Definition གུང་རུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་མཆོག་ནི། མདོ་སྟོད་གུང་རུའི་བར་ཁམས་དཔའ་ཤོད་ཀྱི་ཁོངས་བྱ་ཕུད་དུ་འཁྲུངས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཡིག་ཆ་རྙིང་བ་མཛད་པ་པོ་ཡིན། མཚན་དངོས་རིན་ཆེན་བྱང་ཆུབ་དང་གུང་རུ་དབྱངས་དཔོན་ཡང་ཟེར། བྱ་ཕུད་དགོན་པ་དང་། འབྲས་སྤུངས་སྒོ་མང་དུ་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་གཉེར་གྱིས་མཁས་པའི་ཁྱུ་མཆོག་ཏུ་གྱུར། རྒྱལ་བ་ཡོན་ཏན་རྒྱ་མཚོའི་བཀའ་བཞིན་སྒོ་མང་མཁན་པོའི་ཁྲིར་ཕེབས་ནས་འཆད་ཉན་གྱི་ཁུར་བཞེས། གཙང་པ་རྒྱལ་བོའི་འཇིགས་པ་ལས་གཡོལ་ཆེད་རང་ཡུལ་དུ་ཕེབས་ཏེ་བྱ་ཕུད་ཆོས་སྡེར་འཆད་ཉན་གནང་། གཙང་པའི་དམག་བྱ་ཕུད་དུ་སླེབས་དུས་གསང་སྟབས་ཀྱིས་མདོ་སྨད་ཕྱོགས་སུ་ཉེན་གཡོལ་ལ་ཕེབས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད། ཁོང་ལ་སློབ་མ་གཞུ་ཁང་དགེ་ལེགས་ལྷུན་འགྲུབ་དང་། ཁྲི་སྟག་ལུང་བྲག་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་། དགུང་ལོ་དོན་དགུ་བར་མདོ་སྨད་དུ་དགོངས་པ་རྫོགས། གསུང་རྩོམ་ཕར་ཕྱིན་སྐབས་བརྒྱད་ཀྱི་མཐའ་དཔྱོད། དབུ་མའི་སྤྱི་དོན། དྲང་ངེས་མཐའ་དཔྱོད། བསམ་གཟུགས་རྣམ་བཞག དགེ་འདུན་ཉི་ཤུའི་རྣམ་བཞག ཕར་ཕྱིན་བསྡུས་པ་སོགས་བཞུགས།
Domain ལོ་རྒྱུས།