68767
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆུ་བཟང་བྱམས་པ་ལྷུན་གྲུབ་མཆོག་ནི། རྗེ་བཙུན་བྱམས་པའི་རྣམ་འཕྲུལ་དུ་གྲགས། རབ་བྱུང་༡༠ དུས་སྐབས་སུ་བྱུང་བ་དང་། ཤེར་ཕྱིན་འཆད་པ་ལ་འགྲན་ཟླ་མ་མཆིས་པ་ཞིག་ཡིན་ཚོད་དང་། དགོན་ལུང་བྱམས་པ་གླིང་གི་གདན་རབས་གཉིས་པ་སུམ་པ་དམ་ཆོས་རྒྱ་མཚོ་སོགས་གསུང་སྐྱེས་སློབ་མ་ཡིག་ཆ་རྩོམ་ཐུབ་པ་བདུན་བྱུང་བར་གྲགས། འདི་བས་ཆོས་ཁྲིད་ལ་བརྩི་བཞག་གནང་སྐབས་མཁན་ཆེན་བརྩོན་འགྲུས་རྒྱ་མཚོས་བྱམས་མགོན་གསེར་མདོག་ཅན་མངོན་སུམ་དུ་གཟིགས་དུས་གསོལ་འདེབས་བྱམས་ཆེན་མར་གྲགས་པ་འཕྲལ་རྩོམ་མཛད་ནས་རྗེས་སུ་ཆོས་གྲྭའི་སྐུ་རིམ་ཞལ་འདོན་དུ་བཙུགས་པའི་སྐོར་སྒོ་མང་ཆོས་འབྱུང་གསེར་གྱི་ལྷུན་པོ་ལས་གསུངས་སོ། ། |
| Domain | ལོ་རྒྱུས། |