68770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་བདུན་ཅུ་དོན་གཉིས་པ་ (1)
Part of speech མིང་ཚིག
Definition བསམ་བློ་དགེ་བཤེས་ངག་དབང་ཉི་མ་མཆོག་ནི། ཕྱི་ལོ་ ༡༩༠༧ ལོར་ཆེན་པོ་ཧོར་གྱི་ཡུལ་ལམ་ཕྱི་སོག་བྱང་ཕྱོགས་སྦོ་རད་ཡུལ་ད་བ་རུ་ཡབ་ཚེ་སྒྲུབ་རྡོ་རྗེ་དང་ཡུམ་ཚེ་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཤོ་ལོ་ཐའི་དགོན་དུ་བོད་སོག་གི་ཡི་གེ་དང་བསྡུས་གྲྭ་བཅས་ལ་གསན་སྦྱོང་གནང་། དགུང་གྲངས་བཅོ་ལྔ་བ་ཕྱི་ལོ་༡༩༢༡ ལོར་མཚན་ཞབས་རྡོ་རྗེ་ཡིབ་ཀྱི་ཐུགས་བཀོད་བཞིན་བོད་དུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་དུ་མདོ་སྔགས་གཉིས་ལ་ཐུགས་གཉེར་གྱིས་དགེ་བཤེས་བཀའ་བཅུ་བའི་མཚན་བཏགས་བཞེས། ༸གོང་ས་བཅུ་གསུམ་པ་དང་བཅུ་བཞི་བ་ཆེན་པོ་རྣམ་གཉིས་སོགས་ལས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། ཕྱི་ལོ་༡༩༥༨ ལོར་རྒྱ་གར་དུ་ཕེབས་ཏེ་ཀ་སྦུག་ཏུ་ལོ་གཅིག་རིང་བཞུགས། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ཝ་ར་ཎ་སའི་མཐོ་སློབ་དང་ཡོ་རོབ་ཧོ་ལན་གྱི་མཐོ་སློབ་ཏུ་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་༡༩༧༨ ལོར་འབྲས་སྤུངས་སྒོ་མང་གི་མཁན་ཁྲིར་ཕེབས་ཏེ་ལུགས་གཉིས་ཀྱིས་བསྐྱངས། སློབ་མ་ཡང་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དང་། སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བཤེས་མང་། དགུང་ལོ་གྱ་གསུམ་པ་ཕྱི་ལོ་༡༩༩༠ ལོར་དགོངས་པ་རྫོགས། གསུང་རྩོམ་པོད་དྲུག་དང་། གསུང་འབུམ་གྲས་སུ་ཚུད་མེད་པ་ཤེར་སྙིང་འགྲེལ་བ། གསེར་ཕྲེང་དོགས་གཅོད་རྩོམ་འཕྲོ་བཅས་བཞུགས།
Domain ལོ་རྒྱུས།

{{#arraymap:འབྲས་སྒོ་མང་གདན་རབས་བདུན་ཅུ་དོན་གཉིས་པ་

|; |@@@ | | }}