68771

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་བདུན་ཅུ་དོན་གསུམ་པ་ (1)
Part of speech མིང་ཚིག
Definition གཞུང་པ་དགེ་བཤེས་སྐལ་བཟང་ཐབས་མཁས་མཆོག་ནི། ཕྱི་ལོ་༡༩༢༦ བོད་རབ་བྱུང་༡༥མེ་སྟག་ལོར་མདོ་སྨད་ལྷོ་རྒྱུད་ཤིས་ཚང་ལྷ་རི་མགུལ་ཐང་སྐོར་སྡེ་བར་ཡབ་སྐལ་བཟང་དོན་གྲུབ་དང་ཡུམ་པད་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཤིས་ཚང་སྒར་གསར་དགོན་དུ་ཆོས་ཞུགས་མཛད། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་ཏེ་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག ཝཱ་ར་ཎ་སི་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་སློབ་དཔོན་ཨ་ཙརྱའི་ཕྱག་འཁྱེར་ཐོབ། ཕྱི་ལོ་༡༩༨༠ ལོར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས། དེ་ནས་རང་གཞུང་བཀའ་འབྲེལ་ལྟར་ནེའུ་ཛི་ལེན་ཌའི་ཆོས་ཚོགས་ཤིག་ཏུ་ཕེབས་ནས་ལོ་འགར་བཞུགས། དེ་ནས་སོག་ཡུལ་ཨུ་ལན་པ་ཐུར་ཁུ་རེ་དགའ་ལྡན་ཐེག་ཆེན་གླིང་དགོན་དུ་ཕེབས། སླར་ཡང་ནེའུ་ཛི་ལེན་ཌར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་གསར་འཛུགས་ཀྱིས་དེར་བཞུགས། ཕྱི་ལོ་༡༩༩༩ ལོར་ཕྱིར་ཤིས་ཚང་དགོན་དུ་ཕེབས་ནས་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་དགོངས་པ་གཞན་དོན་དུ་གཤེགས་སོ། །
Domain ལོ་རྒྱུས།

{{#arraymap:འབྲས་སྒོ་མང་གདན་རབས་བདུན་ཅུ་དོན་གསུམ་པ་

|; |@@@ | | }}