68772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་བདུན་ཅུ་དོན་དྲུག་པ་ (1)
Part of speech མིང་ཚིག
Definition གཞུང་པ་དགེ་བཤེས་བློ་བཟང་བསྟན་པ་མཆོག་ནི། མདོ་སྨད་སྟག་ཚང་ལྷ་མོའི་གནས་རི་དང་ཉེ་བའི་བཅད་ཁོག་གྲོང་སྡེར། ཕྱི་ལོ་༡༩༣༧ བོད་རབ་བྱུང་༡༦ མེ་གླང་ལོར་ཡབ་རྟ་མགྲིན་སྐྱབས་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཅིག་ཐོག་སྟག་ཚང་ལྷ་མོའི་དགོན་དུ་ཆོས་ཞུགས་མཛད། དགུང་ལོ་ཉི་ཤུའི་ཐོག་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ཕར་ཕྱིན་དང་རྣམ་འགྲེལ་ལ་སྦྱངས་པ་མཛད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་སྦག་སར་ཕེབས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་རྫོགས་པར་མཛད། བླ་མ་མང་པོ་བསྟེན་ནས་དབང་ལུང་མན་ངག་སོགས་སྔགས་ཕྱོགས་ལ་གསན་བསམ་མཛད། ཝཱ་ཎ་མཐོ་སློབ་དུ་ཞུགས་ནས་ཨ་ཙརྱའི་ཕྱག་འཁྱེར་བཞེས། ཕྱི་ལོ་ ༡༩༨༤ ལོར་དགེ་བཤེས་ལྷ་རམས་པའི་མཚན་བཞེས་དམ་བཅའ་མཛད། ཕྱི་ལོ་ ༡༩༨༥ ནས་ལོ་གཉིས་རིང་འབྲས་སྤུངས་ཚོགས་ཆེན་དགེ་བསྐོས་ཀྱི་མཛད་ཁུར་བསྐྱངས། ཕྱི་ལོ་༡༩༨༩ ནས་༡༩༩༥ བར་སྒོ་མང་མཁན་ཁྲིར་བཞུགས་ནས་ཆོས་སྲིད་ཀྱི་ཐུགས་འཁུར་ཆེས་བཞེས་གནང་བ་དང་གྲྭ་རྒྱུན་ཡང་སྟོང་ཕྲག་བརྒལ་བ་བྱུང་། ད་ལྟ་འབྲས་སྤུངས་ཚོགས་ཆེན་གྱི་ཁྲི་བ་མཛད་བཞིན་པའོ། །
Domain ལོ་རྒྱུས།

{{#arraymap:འབྲས་སྒོ་མང་གདན་རབས་བདུན་ཅུ་དོན་དྲུག་པ་

|; |@@@ | | }}