68773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་བདུན་ཅུ་དོན་བདུན་པ་ (1)
Part of speech མིང་ཚིག
Definition ཟུང་ཆུ་དགེ་བཤེས་ཚུལ་ཁྲིམས་ཕུན་ཚོགས་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ས་མོ་ཡོས་ཕྱི་ལོ་༡༩༣༩ ལོར་བོད་ཤར་ཕྱོགས་ཟུང་ཆུ་ནགས་ཚལ་དུ་སྐུ་འཁྲུངས། དགུང་ལོ་བདུན་པ་ཕྱི་ལོ་༡༩༤༥ ལོར་ཟུང་ཆུ་སེར་པོ་དགོན་དགའ་ལྡན་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས་ནས་ཐུན་མོང་གི་རིག་གནས་སོགས་ལ་སྦྱངས། དགུང་ལོ་བཅུ་དྲུག་པ་ཕྱི་ལོ་༡༩༥༤ ལོར་དབུས་སུ་ཕེབས་ནས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་སློབ་གཉེར་མཛད། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱུང་བས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་དང་། རྒྱ་གར་ཤར་ཕྱོགས་སྦག་སར་ལོ་བཅུ་རིང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། ཕྱི་ལོ ༡༩༧༣ ལོར་ཝ་ཎ་མཐོ་སློབ་དུ་ཞུགས་ནས་ཨ་ཙརྱའི་ཕྱག་འཁྱེར་བཞེས། ཕྱི་ལོ་༡༩༨༡ ལོར་ཡོ་རོབ་འཇར་མན་ནེ་ཧམ་བག་ཆེས་མཐོའི་གཙུག་ལག་ཁང་དུ་ལོ་གསུམ་རིང་དགེ་རྒན་གནང་། ཕྱི་ལོ་ ༡༩༨༤ ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བཞུགས་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པ་དང་རྒྱུད་སྨད་དུ་ཕེབས་ནས་སྔགས་ཕྱོགས་ལ་སློབ་གཉེར་གནང་། ཕྱི་ལོ་༡༩༩༠ ལོར་རྒྱུད་སྨད་དགེ་བསྐོས་མཛད། ཕྱི་ལོ་ ༡༩༩༣ ལོར་སྒོ་མང་གྲྭ་ཚང་གི་དགེ་བསྐོས་ལ་མང་མོས་བསྐོ་བཞག་མཛད། ཕྱི་ལོ་༡༩༩༥ ལོར་ཕྱི་ཟླ་༧ཚེས་༣༡ ཉིན་གོང་༧ ས་མཆོག་ནས་ཕྱག་རྟགས་དགོངས་དོན་བཞིན་ཕྱི་ལོ་༢༠༠༣ ཕྱི་ཟླ་༥ ཚེས༡༣ བར་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་བཞུགས་ནས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་བཅས་སོ། །
Domain ལོ་རྒྱུས།

{{#arraymap:འབྲས་སྒོ་མང་གདན་རབས་བདུན་ཅུ་དོན་བདུན་པ་

|; |@@@ | | }}