68774
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གཞུང་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི། ཕྱི་ལོ ༡༩༢༤ ལོར་མདོ་སྨད་ལྷོ་རྒྱུད་ཆོས་འཁོར་གྱི་ས་ཆར་འཁྲུངས། ཤིས་ཚང་སྒར་གསར་དགོན་དུ་ཞུགས་ནས་ལོ་བཅོ་བརྒྱད་ཙམ་རིང་རིག་པའི་གནས་སྤྱི་དང་ཁྱད་པར་ནང་དོན་རིག་པའི་གཞུང་ལུགས་ལ་ཐོས་བརྩོན་སྦྱངས་པ་གཅིག་འགྲུས་སུ་མཛད། དེའི་རྗེས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་གཉིས་རིང་དབུ་ཚད་ལ་སྦྱངས། དེ་ནས་དབུས་སུ་ཕེབས་ཏེ་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཐར་ཕྱིན་མཛད། ཕྱི་ལོ་ ༡༩༦༥ བོད་རབ་བྱུང་༡༦ པའི་ཤིང་སྦྲུལ་ལོར་འཕགས་ཡུལ་སྦག་ས་ཆོས་སྒར་དུ་དགེ་བཤེས་ལྷ་རམས་པའི་དམ་འཇོག་མཛད་སྐབས་ཨང་དང་པོའི་གཟེགས་རྟགས་ཐོབ། དེས་རྗེས་མ་སུ་རིར་གཙུག་ལག་སློབ་དཔོན་གྱི་འོས་སྦྱོང་གནང་། ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་ཨ་ཙརྱའི་ཕྱག་འཁྱེར་བཞེས། ཕྱི་ལོ ༡༩༧༣་ནས་ཝ་ཎར་རྒྱ་གཞུང་སློབ་དཔོན་གྱི་མཚན་གནས་བཞེས། ཕྱི་ལོ ༡༩༨༣ ཟླ་༡༠ ཚེས་༩ རབ་བྱུང་༡༦ པའི་ཆུ་མོ་ཕག་གི་ལོར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས། ཕྱི་ལོ ༡༩༨༦ ཕྱི་ཟླ་གཉིས་པ་དགོང་ལོ་དྲུག་བཅུ་རེ་གསུམ་པར་དགོངས་པ་གཞན་དོན་དུ་གཤེགས། གསུང་རྩོམ་ནི། ཚད་མའི་དཀའ་གནད་གསལ་བར་བྱེད་པའི་དུས་ཀྱི་མེ་ལོང་ཞེས་པའི་ལེགས་བཤད་ཅིག་བཞུགས་སོ། ། |
Domain | ལོ་རྒྱུས། |
{{#arraymap:འབྲས་སྒོ་མང་གདན་རབས་བདུན་ཅུ་དོན་བཞི་པ་
|; |@@@ | | }}