68777

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་བདུན་ཅུ་བ་ (1)
Part of speech མིང་ཚིག
Definition མཚོ་ཁ་དགེ་བཤེས་ངག་དབང་བློ་བཟང་མཆོག་ནི། རབ་བྱུང་བཅོ་ལྔ་བའི་ས་ཕག་ཕྱི་ལོ་༡༨༩༩ ལོར་ཆེན་པོ་ཧོར་གྱི་ཡུལ་ཅུན་གར་དུ་འཁྲུངས། ཕྱི་ལོ་༡༩༢༤ དགུང་ལོ་ཉེར་དྲུག་སྟེང་ལྷ་སར་ཕེབས། སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་བརྟེན་ནས་གཞུང་ཆེན་མོར་སློབ་གཉེར་རྡོ་རུས་ཐུག་པ་མཛད། དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག དཔལ་ལྡན་རྒྱུད་སྟོད་དུ་གསང་ཆེན་རྒྱུད་སྡེ་རྒྱ་མཚོར་གསན་བསམ་སྒོམ་པ་མཐར་ཕྱིན་པ་མཛད། དུས་འགྱུར་མ་བྱུང་གོང་ནས་རྒྱ་གར་དུ་ཕེབས་ཏེ་རྡོ་རྗེ་གླིང་གུམ་དགོན་པར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་མཚམས་མཛད་ནས་བཞུགས། རབ་བྱུང་༡༦ ཕྱི་ལོ་ ༡༩༦༠ ལོའི་ལྕགས་བྱི་ལོར་༸གོང་ས་༸སྐྱབས་མགོན་བཅུ་བཞི་བ་ཆེན་པོའི་དགོངས་དོན་ལྟར་སྦག་སར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་མཁན་ཚབ་མཛད། ༡༩༦༢ ལོར་མཁན་རིན་པོ་ཆེ་སྐལ་བཟང་ལེགས་ལྡན་ལྷ་ས་གྲྭ་བཞི་བཙོན་ཁང་དུ་སྐུ་གཤེགས་འཕྲལ་མཁན་པོ་ངོ་མའི་མཚན་གསོལ་དགོས་པའི་བཀའ་ཡིག་དགོངས་དོན་ལྟར་མཁན་པོའི་ཁྲི་སྟོན་གྱི་མཛད་སྒོ་གང་གཟབ་ཞུས། རྒྱུན་དུ་བསྡུས་གྲྭ་ནས་བཀའ་རམས་འཛིན་གྲྭའི་བར་དཔེ་ཁྲིད་མཛད་ནས་བཞུགས། སྦག་སར་ཚ་བ་ཆེ་བ་དང་བཞུགས་ཤག་དང་གསོལ་ཆས་སོགས་ཧ་ཅང་སྐྱོ་བས་སྐུ་ངལ་ཆེ་ན་ཡང་། ང་༸རྒྱལ་བ་རིན་པོ་ཆེས་འདིར་བཏང་བ་ཡིན་ཨང་གསུངས་ནས་སྐུ་ངལ་ལ་མ་འཛེམས་པར་མཁན་པོའི་མཛད་འཁུར་ཕྱི་ལོ་༡༩༦༨ བར་ལོ་ངོ་དགུའི་རིང་མཛད། ས་རྟ་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
Domain ལོ་རྒྱུས།

{{#arraymap:འབྲས་སྒོ་མང་གདན་རབས་བདུན་ཅུ་བ་

|; |@@@ | | }}