68781
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་གཅོས་འབྲོང་ལྕེ་དཔོན་པོ། གནམ་བྱམས་རྒྱལ་པོའི་སྲས་སུ་འཁྲུངས། དགོང་ལོ་བཅུ་དྲུག་པ་ལ་དབུས་སུ་ཕེབས། སློབ་གཉེར་ལ་ཧུར་བསྐྱེད་མཛད་ནས་ཕྱིས་དཔོན་སློབ་སངས་རྒྱས་རྡོ་རྗེའི་དུས་ལྷ་རམས་པའི་མཚན་གཏགས་བསྩལ། སྒོ་མང་དགེ་བསྐོས་ཀྱང་མཛད། རྒྱུད་སྨད་དུ་སྔགས་ལ་སྦྱངས་པས་སྔགས་ཀྱི་དམ་བཅའ་དཔེ་མེད་ཐོན། རྩེད་ཐང་མཁན་པོ་དང་རྒྱུད་པའི་བླ་མ་དབུ་མཛད་གནང་། རབ་བྱུང་ ༡༣ ཤིང་བྱ་ཕྱི་ལོ་ ༡༧༦༥ ལོར་སྒོ་མང་མཁན་པོར་བསྐོས། ཕྱི་ལོ་ ༡༧༧༥ ཤིང་ལུག་བརྒྱད་པའི་ཚེས་གཅིག་ཉིན་སྐུ་ལུས་མདའ་ལྟར་དྲང་པའི་ཐུགས་དམ་གྱིས་གཤེགས། |