68784
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་མདོ་སྨད་རྨ་ཆུའི་ལྷོ་རྒྱུད་མར་ནང་ཚོ་ལྔར་རབ་བྱུང་ ༡༢ བགྲང་བྱ་ཞེ་དྲུག་ཆུ་བོ་བྱི་བ་ཕྱི་ལོ་ ༡༧༣༥ ལོར་ཡབ་དཔལ་ལྡན་འབུམ་དང་ཡུམ་དཔལ་མི་ཁར་ཞེས་པ་གཉིས་ཀྱི་སྲས་སུ་འཁྲུངས་།ཨ་ཁུ་བླ་མ་ངག་དབང་དོན་གྲུབ་པའི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་བློ་བཟང་ཆོས་དར་གསོལ། དགུང་ལོ་བཅུ་བདུན་པ་རབ་བྱུང་ ༡༣ ས་ཕོ་འབྲུག་ཕྱི་ལོ་ ༡༧༤༨ ལོར་དབུས་སུ་ཕེབས། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲར་ཞུགས། ཡོངས་ཀྱི་དགེ་བའི་བཤེས་གཉེན་བྲ་ཉེ་ངག་དབང་དགེ་ལེགས་དགེ་རྒན་དུ་བསྟེན་ནས་སློབ་གཉེར་ཉིན་མཚན་ཁོར་ཡུག་ཏུ་བཙོན་པ་མཛད། དགུང་ལོ་སོ་དགུ་ཤིང་སྟག་ལོར་སྨོན་ལམ་གྲ྄་སྐོར་མཛད། དགུང་ལོ་ང་ལྔར་ཕེབས་པ་ཕྱི་ལོ་ ༡༧༨༦ མེ་ཕོ་རྟའི་ལོ་ཧོར་ཟླ་བཅུ་གཅིག་པའི་གྲལ་ཚེས་བཟང་པོར། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ། དགུང་ལོ་རྒྱ་གཅིག་པ་རབ་བྱུང་ ༡༤ ཆུ་སྤྲེལ་ལོ་ ༡༨༡༢ ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དགུའི་ཐོ་རེངས་མངོན་པར་བྱང་ཆུབ་པའི་དུས་སུ་གཟུགས་སྐུའི་བཀོད་པ་བསྡུས་ཏེ་ཆོས་དབྱིངས་སུ་གཤེགས། མདུན་ཕྲག་གཅིག་རིང་ཐུགས་དམ་ལ་བཞུགས་སོ།། |