68791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་ལྔ་བ་ (1)
Part of speech མིང་ཚིག
Definition ཆེན་པོ་དཔལ་ལྡན་ཤེས་རབ་མཆོག་ནི། འབྲས་སྤུངས་འཇམ་དབྱངས་ཆོས་རྗེ་དང་། གཞན་ཡང་མཁས་གྲུབ་དུ་མའི་ཞབས་ལ་བསྟེན་ནས་མཁས་པའི་གྲགས་པ་འབར། གུང་རུ་ཚུལ་བཟང་བའི་རྗེས་སུ་སྒོ་མང་གྲྭ་ཚང་འདི་ཉིད་ཀྱི་ཁྲི་ལ་ཕེབས་ནས་འཆད་ཉན་ཡུན་རིང་མཛད། བུ་སློབ་ཆོས་རྗེ་རྡོ་རྗེ་སེང་གེ་དང་། དཀའ་བཅུ་འཛིན་པ་ཀུན་དགའ་རྒྱལ་མཚན་དང་། བསོད་ནམས་བློ་གྲོས་གཉིས། མདོ་སྟོད་དཔལ་བློ་དང་ཤེས་བློ་གཉིས་སོགས་དགེ་བཤེས་ཆེ་བ་མང་དུ་ཐོན་ཅིང་། གྲྭ་རྒྱུན་ཡང་འཕེལ་བ་སོགས་གྲྭ་ཚང་འདི་ཉིད་ལ་བཀའ་དྲིན་མཆོག་ཏུ་ཆེ་བ་ཞིག་གོ །
Domain ལོ་རྒྱུས།