68792
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བློ་བཟང་བདེ་ཆེན་མཆོག་ནི། ཨི་པས་ཐུ་ཨེར་ཏེ་ནི་མེར་གན་མཁན་པོ་འདི་ཉིད་ཡིན་ལ། མཁན་པོ་དེ་ཉིད་ཀྱི་དུས་སུ་བཅའ་ཡིག་སླར་ཡང་ཞལ་བཤུས་མཛད་པའི་མཇུག་ཏུ་འདི་ལྟར། ས་སྤྲེལ་ཟླ་བཞི་པའི་ཚེས་བདུན་ལ་གསར་བསྐྲུན་མཛད་པ་དེ་ཡང་བགྲེས་སྐྱོན་ཆེ་སྟབས། སློབ་དཔོན་ལས་ཐོག་པ་དང། ཚོགས་འདུ་པ་གྲོས་བསྡུར་ཐོག་ནས་གཞན་ལྷད་མ་ཞུགས་པར་ལྕགས་གླང་ཕྱི་ལོ་ ༡༨༤༡ ཟླ་ཚེས་ལ་གསར་དུ་བསྐྲུན་པའི་ཚེ་མི་འགྱུར་བའི་དོན་དུ། དཔོན་སློབ་ལས་ཐོག་པ་ཨི་པས་ཐུ་ཨེར་ཏེ་ནི་མེར་གན་མཁན་པོ་བློ་བཟང་བདེ་ཆེན་གྱི་རྟགས་ཞེས་སོགས་འཁོད་འདུག། |
| Domain | ལོ་རྒྱུས། |