68797

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་ལྔ་བཅུ་ང་བདུན་པ་ (1)
Part of speech མིང་ཚིག
Definition དཔོན་སློབ་ཧར་གདོང་བློ་བཟང་རྣམ་རྒྱལ་ཁོང་ནི་འཁྲུངས་ཡུལ་བེ་རི་ཞེས་པའི་ས་ཆར་སྐུ་བལྟམས། ནར་སོན་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། བཀའ་པོད་ལྔའི་གཞུང་ལ་གཟིགས་ཙམ་གྱིས་དགོངས་དོན་བདེ་བླག་ཏུ་རྟོགས་ནས་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། ལོ་འགར་ཚོགས་ཆོས་ཚུལ་བཞིན་འགྲིམས་མཐཪ། མཚན་བཏགས་གནང་སྟེ་ལྷ་རམས་པའི་དམ་བཅའ་བཞག ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་རབ་བྱུང་༡༥ ཤིང་ཕག་ཕྱི་ལོ་༡༨༧༥ ལོར་སྒོ་མང་ཆོས་གྲྭར་ཆོས་ཞུགས་སྐབས། དགེ་བཤེས་བློ་བཟང་རྣམ་རྒྱལ་རྩ་བའི་ཡོངས་འཛིན་དུ་བསྟེན། དེའི་རྗེས་གཞུང་ས་མཆོག་ནས་རྒན་བློ་བཟང་རྣམ་རྒྱལ་སྒོ་མང་མཁན་པོར་བསྐོ་བཞག་མཛད་པའོ། །
Domain ལོ་རྒྱུས།