688
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀརྨ་པ་སྐུ་ཕྲེང་དང་པོ་ཡིན། རབ་བྱུང་གཉིས་པའི་ལྕགས་སྟག་ཕྱི་ལོ་ ༡༡༡༠ ལོར་མདོ་ཁམས་ཏྲེ་ཤོད་གངས་ཀྱི་ར་བར་ཡབ་སྒོམ་པ་རྡོ་རྗེ་མགོན་དང་། ཡུམ་ལྷ་ཐོག་བཟའ་སྒང་ལྕམ་མིང་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་དགུ་པ་ནས་བཟུང་དབུས་སུ་དབུ་ཚད་དང་བཀའ་གདམས་པའི་ལམ་རིམ་སོགས་མང་དུ་གསན། རང་ལོ་སུམ་ཅུ་པར་སྒམ་པོ་བ་ཁུ་དབོན་ལས་གདམས་པ་དུ་མ་མནོས། རབ་བྱུང་གསུམ་པའི་མེ་ཡོས་ཕྱི་ལོ་ ༡༡༤༧ ལོར་ཁམས་རི་བོ་ཆེར་ཀརྨ་པའི་གདན་ས་བཏབ་པས་ཀརྨ་པ་ཞེས་ཐོགས་ཤིང༌། ཕྱིས་སུ་ལྷ་སའི་ཉེ་འདབས་སྟོད་ལུང་དུ་མཚུར་ཕུ་དགོན་པ་བཏབ་པས་ཀརྨ་པའི་གདན་ས་གོང་འོག་ཏུ་གྲགས། རབ་བྱུང་གསུམ་པའི་ཆུ་གླང་ཕྱི་ལོ་ ༡༡༩༣ ལོར་དགུང་ལོ་བརྒྱད་ཅུ་རྩ་བཞིའི་ཐོག་སྐུ་མྱ་ངན་ལས་ལ་འདས། |