6880

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏམ་འཆལ་ (1)
Part of speech མིང་ཚིག
Definition ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་མེད་པའམ་ཁུངས་མེད་ཀྱི་གཏམ་སྟེ།
Example རབ་ཏུ་བྱུང་བའི་དགེ་འདུན་པ་ཚོས་གཏམ་འཆལ་བཤད་མི་རུང་། དོན་དངོས་གང་ཡིན་ལ་བརྟག་དཔྱད་ཞིབ་མོ་མ་བྱས་པར་གཏམ་འཆལ་བཤད་མི་འོས་ལྟ་བུ།
གཏམ་འཆལ་ (2)
Part of speech མིང་ཚིག
Definition གཏམ་བཤད་སོགས་ཀྱི་དུས་སུ་སྐབས་ཀྱི་བརྗོད་དོན་མ་བཤད་པར་འབྲེལ་མེད་དོན་གཞན་གྱི་སྐད་ཆ་འཕྲོས་པ་སྟེ།
Example ཁོས་གཏམ་འཆལ་ནས་དགོས་དོན་སྟེང་ལ་ཚིག་གཅིག་ཀྱང་བཤད་མ་སོང་ལྟ་བུ།