68802
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་འབྲས་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། རབ་བྱུང་ ༡༢ ལྕགས་འབྲུག་ཕྱི་ལོ་༡༧༠༠ ལོར་རིགས་གྲྭ་བཏང་རྗེས་ཁྲི་བཤོལ་ཏེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཁྲིར་ཕེབས། བཀྲ་ཤིས་འཁྱིལ་གྱི་གདན་རབས་གསུམ་པ་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་སྒོ་མང་ཆོས་གྲྭར་ཞུགས་ནས་གསན་བསམ་མཛད་སྐབས་དབུ་མ་དང་མཛོད་འདུལ་ཡོངས་རྫོགས་དཔོན་སློབ་ཀུན་དགའ་འོད་ཟེར་རམ་འོད་ཟེར་རྒྱ་མཚོ་ལས་གསན། མདོ་སྨད་ལྷོ་རྒྱུད་ཨ་མཆོག་མུ་ཏོ་བ་སྒོ་མང་དཔོན་སློབ་ཏཱ་དབོན་ཀུན་དགའ་འོད་ཟེར་ཞེས་སྣང་བས་དེ་ལ་དཔགས་ན་འཁྲུངས་ཡུལ་ཨ་མདོ་ཨ་མཆོག་ཡིན་པ་ངེས་སོ།། |