68809

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་གདན་རབས་སོ་བརྒྱད་པ་སོག་པོ་མཁན་ཆེན་སངས་རྒྱས་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི་མཚོ་གཡས་རུའི་བེག་ཆོས་ཧོར་དུ། ཨེ་མིག་གེ་རྡོ་རྗེ་ཟེར་བའི་སྲས་སུ་འཁྲུངས། དབུས་སུ་ཕེབས་ནས་སྒོ་མང་ཆོས་གྲྭར་ཐུགས་གཉེར་མཐཪ་ཕྱིན་པ་མཛད་པས་ལྷ་རམས་པ་ཐོན། རྒྱུད་སྨད་དུ་སྔགས་ལ་ཡུལ་རིང་སྦྱངས། ༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བཀས་རྩེད་ཐང་རྒྱུད་པ་དགའ་ལྡན་ཆོས་འཁོར་གླིང་གི་བླ་མར་ཕེབས། དེའི་གོང་གི་བཀས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས། འཆད་ཉན་ལོ་བཅུ་གཉིས་མཛད། སྐྱབས་མཆོག་འཇིག་མེད་དབང་པོ་དགོང་སོ་ཉེར་ལྔ་པ། རབ་བྱུང་༡༣ཆུ་སྦྲེལ་ཕྱི་ལོ་༡༧༥༢ལོར་སྒོ་མང་ཆོས་གྲྭར་ཞུགས་སྐབས་མཁན་ཆེན་འདི་ཉིད་ལས་བརྩི་བཞག་གསན། ཕྱི་ལོ་༡༧༦༠ཡས་མས་ལ་གཤེགས་པར་སྣང།