68810
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དཔལ་ལྡན་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་རྣམས་ལ་སྦྱངས་པས་མཁས་གྲགས་དཔག་མེད་ཐོན། རབ་བྱུང་༡༢ མེ་བྱ་ཕྱི་ལོ་༡༧༡༧ ལོར་སོག་པོ་ཅུན་གར་བའི་དམག་དབུས་སུ་སླེབས་ཏེ་བོད་ཀྱི་སྲིད་དབང་འཕྲོགས། ས་ཁྱི་ཕྱི་ལོ་༡༧༡༨ ལོར་ཅུན་གར་བ་རྣམས་ནས་སྨོན་ལམ་གྱི་རྗེས་སུ་ལྷ་སར་དགེ་བཤེས་སུ་བཟང་བརྟག་དགོས་ཀྱིས་དགེ་བཤེས་བརྒྱ་ལྷག་ཙམ་རྩོད་པ་ཚུགས། དགེ་བཤེས་བརྒྱད་ལ་ཨང་དང་པོ་བྱུང་བའི་ནང་ནས་ལ་མོ་ནམ་མཁའ་འདི་བཞིན་གོང་ཕུད་བྱུང་། དེ་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིད་ཕེབས། ཆུ་ཡོས་ཕྱི་ལོ་༡༧༢༣ ལོར་སུམ་པ་མཁན་ཆེན་ཡེས་ཤེས་དཔལ་འབྱོར་སྒོ་མང་ཆོས་གྲྭར་ཞུགས་སྐབས་མཁན་ཆེན་འདི་ཉིད་ལས་བརྩི་བཞག་གསན་པ་བཅས་སོ། |
{{#arraymap:འབྲས་སྒོ་མང་གདན་རབས་སོ་ལྔ་པ་ལ་མོ་ངག་དབང་ནམ་མཁའ་ཁོང་ནི་
|; |@@@ | | }}