68811

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྒོ་མང་བཀའ་རམས་སྐྱོར་དཔོན་དགེ་བཤེས་དགེ་འདུན་བློ་གྲོས་ (1)
Part of speech མིང་ཚིག
Definition ཕྱི་ལོ་༡༩༢༤ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས། གཞོན་ནུའི་དུས་ནས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་ངག་དབང་ལེགས་ལྡན་བསྟེན་ཏེ། གཞུང་ཆེན་བཀའ་པོད་ལྔར་གསན་བསམ་རྫོགས་པར་མཛད། ༡༩༥༩ལོར་དུས་འགྱུར་སྐབས་རྒྱ་གར་ལ་ཕེབས། ཕྱི་ལོ་༡༩༦༡ལོར་གནས་མཆོག་རྡོ་རྗེ་གདན་དུ་གདན་གསུམ་སྨོན་ལམ་སྐབས་དམ་བཅའ་བཞག་ནས་ལྷ་རམས་པ་ཨང་དང་པོའི་མཚན་གནས་བཞེས། ཕྱི་ལོ་༡༩༦༩ལོར་བཀའ་འབྲེལ་ལྟར་འཇར་མན་མཐོ་སློབ་ཁང་གི་དགེ་རྒན་གྱི་མཛད་འགན་བཞེས་ནས་ཕྱག་ལས་གནང། ཕྱི་ལོ་༡༩༧༩ཕྱི་ཟླ་༡ནས་ཟླ་བ་༨་བར་འཇི་ནི་ཡ་མཐོ་སློབ་ཁང་གི་དགེ་རྒན་ཡང་མཛད། དེ་ནས་སླར་ཡང་འཇར་མན་ལ་ཕེབས་རྗེས་གློ་བུར་དགོངས་པ་རྫོགས། གསུང་རྩོམ་འབྲས་སྤུངས་ཆོས་འབྱུང་ཞེས་པའི་སྔོན་མེད་ལེགས་བཤད་ཅིག་ཀྱང་འཇོག་གནང་མཛད་པ་ལགས་སོ། །