6882

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏམ་འདྲེས་ (1)
Part of speech མིང་ཚིག
Definition སྐད་ཆའི་ནང་དོན་ཕན་ཚུན་བསྲེས་ཤིང་ཁ་མི་གསལ་པས་ནང་དོན་གསལ་པོ་མ་ཆགས་པའི་དོན་ཏེ།
Example མི་མང་པོས་སྐད་ཆ་ལྷན་དུ་བཤད་པས་གཏམ་འདྲེས་ཏེ་སོ་སོའི་འདོད་ཚུལ་གསལ་པོ་མ་བྱུང་ལྟ་བུ།
གཏམ་འདྲེས་ (2)
Part of speech མིང་ཚིག
Definition ཕེབས་པར་སྨྲ་བའམ་མཛའ་ཞིང་གཅུགས་པའི་ཚིག་ཕན་ཚུན་སྨྲ་རེས་བྱུང་བའི་དོན་ཏེ། ལི་ཤིའི་གུར་ཁང་ལས། གཏམ་འདྲེས་པ་ནི་ཕེབས་པར་སྨྲ་བ། ཞེས་དང་། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། གཏམ་འདྲེས་པ་ནི་ཕན་ཚུན་གཏམ་འདྲེས་ཤིང་སྨྲས་པས་ངོ་ཤེས་པ་ཞེས་འབྱུང་བ་ལྟ་བུ།
Type བརྡ་རྙིང་།