68820
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབུས་ཕྱོགས་དགེ་ལུགས་དགོན་ཆེན་གསུམ་གྱི་ཡ་གྱལ། ལྷ་སའི་ནུབ་རྒྱུད་དགེ་འཕེལ་དབུ་རྩེར་ཡོད། རབ་བྱུང་བདུན་པའི་མེ་སྤྲེལ་༡༤༡༦ལོར་རྗེ་ཙོང་ཁ་པའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་བཏབ། ཐོག་མར་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་གཙོ་བོར་མཛད་དེ། འདུ་ཁང་། སྔགས་ཁང་། གྲྭ་ཤག་བཅས་བཞེངས། དེ་རྗེས་རིམ་བཞིན་ཆོས་རྗེ་སློབ་མ་རྣམས་ཀྱི་གྲྭ་ཚང་གཞན་རྣམས་བཏབ། གྲྭ་ཚང་སོ་སོའི་འོག་ཏུ་ཁང་ཚན་དང་འཚོ་ཁང་མི་འདྲ་བ་མང་པོ་ཡོད། ཀུན་གཟིགས་ལྔ་པ་ཆེན་པོའི་སྐབས། རི་བོ་དགེ་ལུགས་པའི་ཆོས་དང་བོད་ས་གནས་སྲིད་གཞུང་གི་ཆབ་སྲིད་ལུགས་གཉིས་ཟུང་འབྲེལ་གྱི་སྒོ་ནས་བོད་ལྗོངས་ཡོངས་ལ་ཁ་ལོ་བསྒྱུར་བའི་ལམ་ལུགས་དེ་དགོན་པ་དེའི་དགའ་ལྡན་ཕོ་བྲང་དུ་ཐོག་མར་བཙུགས་སོ། ། |