68823

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་ (1)
Part of speech མིང་ཚིག
Definition རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་གྲྭ་ཚང་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་དངོས་སློབ་མཁས་པ་དང་གྲུབ་པའི་སྐྱེས་བུ་མཐའ་ཡས་པ་བྱོན་པའི་ནང་ནས་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི་ཞེས་གྲགས་པའི་ནང་ཚན་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོ་དེ་ཉིད་ཀྱིས་རབ་བྱུང་བདུན་པའི་མེ་ཕོ་སྤྲེལ་ལོ་ ༡༤༡༦ ལོར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་ཕྱག་བཏབ་མཛད་པ་ནས་བཀྲིས་སྒོ་མང་ལ་སོགས་པའི་གྲྭ་ཚང་བདུན་རིམ་པར་ཆགས། དེ་དག་ལས་དང་པོ་བཀྲ་ཤིས་སྒོ་མང་གྲྭ་ཚང་ཚུགས་པ་བྱུང་། འཆད་ཉན་གྱི་སློབ་དཔོན་དང་པོ་ནི་ཆོས་རྗེ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་པའི་ཞལ་སློབ་དྲུང་རིན་ཆེན་གྲགས་པ་ནས་ད་ལྟའི་བར་ཟམ་མ་ཆད་པར་གདན་རབས་བདུན་ཅུ་དོན་དགུའི་བར་བྱུང་། སྟོད་ལ་དྭགས་ནས་སྨད་རྒྱ་སོག་གི་ཡུལ་གྲུ་བར་གྲྭ་ཚང་འདི་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་སྟོང་ཕྲག་བརྒལ་བ་ཡོད། ཕྱི་ལོ་ ༡༩༥༨ ལོར་གྲྭ་ཚང་འདིར་དགེ་འདུན་ཞལ་གྲངས་༥༠༠༠ སྐོར་འདུས་པར་གྲགས། ༡༩༥༩ དུས་འགྱུར་བྱུང་རྗེས་རྒྱ་གར་ས་ཐོག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེས་སྦག་སར་རིས་མེད་ཆོས་སྡེ་ཁག་གསར་འཛུགས་སྐབས་དགེ་འདུན་ ༡༠༠ སྐོར་དང་། དེ་ནས་རིམ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོར་གྱིས་དེང་སྐབས་དགེ་འདུན་ཞལ་གྲངས་༢༠༠༠ སྐོར་ཡོད་པ་རྣམས་ཀྱིས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་རྩོམ་མདོ་སྔགས་ཀྱི་ཡིག་ཆ་རྣམས་ཀྱི་གཙོའི་རྗེ་ཡབ་སྲས་སོགས་རྒྱ་བོད་ཀྱི་མཁས་པའི་གཞུང་ཆེན་ཁག་གིས་མཚོན་གནའ་དེང་གི་ཤེས་རིག་ཀུན་ལ་གསན་བསམ་དཔྱིས་ཕྱིན་མཛད་བཞིན་པ་དང་། གྲྭ་ཚང་འདི་ཡི་མཚན་ལ་བཀྲ་ཤིས་སྒོ་མང་གྲྭ་ཚང་ཞེས་མཚན་གྱི་ཐོག་མར་བཀྲ་ཤིས་ཞེས་འབྱུང་བའང་འདི་ཉིད་གདན་སའི་གྲྭ་ཚང་གཞན་རྣམས་ལས་ཐོག་མར་ཆགས་ཤིང་། བཀྲ་ཤིས་པའི་དགེ་མཚན་དེའི་སྤྱན་ལྟོས་ཀྱིས་གྲྭ་ཚང་གཞན་རྣམས་ཀྱང་བྱུང་བས་ཡིན་ལ། སྒོ་མང་ཞེས་པའང་མཁན་བརྒྱུད་གསོལ་འདེབས་ལས། དམ་ཆོས་སྒོ་མང་འཛིན་པ་གྲགས་རིན་ཞབས། །ཞེས་དང་། ༧གོང་ས་ལྔ་བ་ཆེན་པོའི་གསུང་ལས་ཀྱང་། རྣམ་བཀྲ་རིགས་པས་ལུང་དོན་འབྱེད་པ་ལ། །སྲས་བཅས་རྒྱལ་བས་ཤིས་པ་བརྗོད་པའི་སྒོ། །གཞུང་ལུགས་མང་པོར་འཆད་རྩོད་འདུས་པའི་སྡེ། །དེ་འཛིན་བཤེས་གཉེན་ཚོགས་རྣམས་ཞབས་བརྟན་ཤོག། །ཅེས་པ་ལྟར། རྣམ་པར་བཀྲ་པའི་རིགས་པ་དྲི་མ་མེད་པས་འཕགས་བོད་ཀྱི་གཞུང་ལུགས་མཐའ་དག་གི་དཀའ་གནད་ཀྱི་སྒོ་འཕར་བརྒྱ་ཕྲག་མང་པོ་ལེགས་པར་འབྱེད་པས་སྒོ་མང་ཞེས་སྨོས་པ་གོང་མ་རྣམས་ཀྱི་ཞལ་རྒྱུན་ཡིན་ལ། བོད་གཞུང་གི་སྔར་གྱི་མཛད་ལམ་དུའང་གདན་སའི་གྲྭ་ཚང་རྣམས་ལས་སྒོ་མང་དང་པོར་འབྱུང་བའང་རྒྱུ་མཚན་དེ་ཉིད་ཀྱིས་བྱས་པར་སྣང་ངོ་། །

{{#arraymap:འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་

|; |@@@ | | }}