68831

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྤུངས་སྒོ་མང་གདན་རབས་ཉེར་དགུ་པ་དོན་གྲུབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition འདི་ཉིད་སོག་ཡུལ་ཨོ་རོད་དུ་འཁྲུངས། བོད་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གསན་བསམ་མཐར་ཕྱིན་མཛད་དེ་མཁས་པ་ཆེན་པོར་གྱུར། རབ་བྱུང་༡༡ཆུ་གླང་ཕྱི་ལོ་༡༦༧༣ལོར་སྒོ་མང་མཁན་ཁྲིར་ཕེབས་ནས་འཆད་ཉན་ལེགས་པར་མཛད། དེའི་རྗེས་གཞུང་གི་བཀས་ལི་ཐང་ཐུབ་ཆེན་དགོན་པའི་མཁན་ཁྲིར་ཕེབས། ངག་རྒྱུན་དུ་ལི་ཐང་མཁན་ཁྲིར་ཡུན་རིང་བཞུགས་ཤིང་སྡེ་དེར་སྐུ་དྲིན་ཤིན་ཏུ་ཆེ་བ་བྱུང་སྟབས་གདན་སར་ཕྱིར་ཕེབས་སྐབས་ལི་ཐང་དགོན་པས་སྐུ་རྟེན་དུ་གསེར་ཟངས་ཀྱི་རྒྱལ་བ་མི་འཁྲུགས་པའི་སྐུ་བརྙན་ཤིན་ཏུ་བྱིན་ཅན་ཞིག་ཡོད་པ་འབུལ་ཚན་དུ་ཕུལ་བར་རྟེན་འབྲེལ་ལ་དགོངས་ནས་ལྷུ་གཏོར་ཏེ་གདན་དྲངས་པ་ད་ལྟ་སྒོ་མང་གྲྭ་ཚང་གི་གཙང་ཁང་དབུས་མའི་ནང་གི་རྟེན་གཙོ་མི་འཁྲུགས་པ་དེ་ཡིན་ཞེས་གྲྭ་རྒན་རྣམས་མཐུན་པར་གླེང།
Domain ལོ་རྒྱུས།