68833

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྤུངས་སྒོ་མང་གདན་རབས་ཉེར་བདུན་པ་འཕྲིན་ལས་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition འདི་ཉིད་མདོ་སྨད་ལྷོ་རྒྱུད་ཆོས་འཁོར་དང་ཉེ་བའི་བཙན་མོ་སྣར་ཡབ་ཧོར་ཉ་ཤུལ་སྐྱག་གེ་དང། ཡུམ་མལ་བཟའ་ཆོས་མོ་གཉིས་ཀྱི་སྲས་སུ་རབ་བྱུང་ ༡༠ ཆུ་ཁྱི་ཕྱི་ལོ་ ༡༦༢༢ ལོར་འཁྲུངས། དབུས་སུ་ཕེབས་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགུང་ལོ་སོ་གཅིག་པ་རབ་བྱུང་ ༡༡ ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོར་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས་ཤིང་འབྲུག་བར་ལོ་ངོ་བཅུ་གསུམ་རིང་འཆད་ཉན་མཛད། རབ་བྱུང་ ༡༢ ས་ཡོས་ཕྱི་ལོ་ ༡༦༩༩ ལོ་ཞི་བར་གཤེགས། སློ་མ་གྲགས་ཆེ་བ། བཀའ་འགྱུར་བ་རྡོ་རྗེ་འཆང་སྦྱིན་པ་རྒྱ་མཚོ། སོག་པོ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་སོགས་མང། གསུང་རྩོམ་བསྡུས་གྲྭ་རིག་གནས་ལེགས་བཤད་བང་མཛོད་དང། ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལེགས་བཤད་བང་མཛོད་སོགས་མང་ངོ།
Domain ལོ་རྒྱུས།