68835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྤུངས་སྒོ་མང་གདན་རབས་ཉེར་བརྒྱད་པ་ཁྲི་ཆེན་ངག་དབང་བློ་གྲོས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition འདི་ཉིད་རབ་བྱུང་༡༡ཤིང་ཕག་ཕྱི་ལོ་༡༦༣༥ལོར་མདོ་སྨད་སྐུ་འབུམ་མཆོད་གཞིས་མི་ཉག་རྭ་ལྡིང་དུ། ཡབ་སྟག་ཕྱུག་ཚེ་ཐར་དང་ཡུམ་ཚེ་སྨོན་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་དགུ་ཆུ་སྤྲུལ་ཧོར་ཟླ་བཅུ་གཉིས་པའི་ཚེ་བདུན་ཕྱི་ལོ་༡༦༥༣ལ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། དགུང་ལོ་སོ་གཅིག་པ་ཤིང་སྦྲུལ་ཕྱི་ལོ་༡༦༦༥ཟླ་གཉིས་པའི་ནང་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས་ནས་ལོ་ངོ་དགུའི་རིང་འཆད་ཉན་རྒྱ་ཆེ་མཛད། དགུང་ལོ་ཞེ་བརྒྱད་པ་ཆུ་ཁྱི་ཕྱི་ལོ་༡༦༨༢ལོར་དགའ་ལྡན་གསེར་ཁྲིར་ཕེབས། དགུང་གྲངས་ལྔ་བཅུ་ང་བཞི་པ་རབ་བྱུང་༡༢ཕྱི་ལོ་༡༦༨༨ལོར་སྙུག་ཟུན་སོགས་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་པར་མཛད། སློབ་མ་དོན་གྲུབ་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་མང་ངོ།
Domain ལོ་རྒྱུས།