68836

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་སྤུངས་སྒོ་མང་གདན་རབས་ཉེར་ལྔ་པ་སྒང་པ་བློ་བཟང་ངག་དབང་ (1)
Part of speech མིང་ཚིག
Definition འདི་ཉིད་རབ་བྱུང་ ༡༠ ལྕགས་ཡོད་ཕྱི་ལོ་ ༡༥༩༡ ལོར་སྟོད་ལུང་མདའ་ཁྲི་ཟམ་ཕར་ཁར་བསམ་འགྲུབ་སྒང་ཞེས་པར་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། གཞུང་ཆེན་རྣམས་ལ་སྦྱངས་པས་མཁས་གྲགས་ཆེ། དགུང་གྲངས་དོན་གསུམ་པ་རབ་བྱུང་ ༡༡ ཆུ་ཡོས་ཕྱི་ལོ་ ༡༦༦༢ ལོར་དགོངས་པ་གཞན་དོན་དུ་གཤེགས། གསུང་སྐྱེས་བློ་མ། དཔོན་སློབ་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་དང། ཁྲི་ཆེན་བློ་གྲོས་རྒྱ་མཚོ་སོགས་ཤིན་ཏུ་མང། གསུང་རྩོམ། དོན་བདུན་ཅུ་དང། དབུ་མའི་རྣམ་བཤད། འཇིགས་བྱེད་ཀྱི་དྲག་སྲེག་དང་དེའི་ཟུར་འདེབས་སོགས་མང་ངོ།
Domain ལོ་རྒྱུས།