68843

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་ (1)
Part of speech མིང་ཚིག
Definition མཐོ་སྒང་གི་སྲོག་ཆགས་འོ་འཐུང་གི་རིགས་གཟུགས་ཕོ་ལས་ཆུང་ཞིང་། སྤུ་རིང་ལ་རྔ་ཞོལ་ཞིང་འཐུག་པ། དུས་རེ་ལ་བེའུ་གཅིག་སྐྱེས་པ། སྐབས་འགར་གཉིས་སྐྱེས་པ་ཡོད། མངལ་སྦྲུམ་གྱི་ཡུན་ཚད་ཟླ་བ་བརྒྱད་ཙམ་ཡིན་པ།
འབྲི་ (1)
Part of speech བྱ་ཚིག
Definition པིར་སྨྱུག་གི་རྗེས་ཤུལ་ཤོག་གུ་སོགས་ཀྱི་ངོར་བཏོད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བྲི, བྲི་བྱའི་རི་མོ་གདམ་དགོས།]
Present [འབྲི།, འབྲི་བྱེད་ཀྱི་པིར་སྨྱུག]
Past [བྲིས།, རི་མོ་བྲིས་ནས་བཙོང་།]
Imperative [ཕྲིས།, ཡི་གེ་ཕྲིས་ཤིག་ལྟ་བུ།]
འབྲི་ (2)
Part of speech བྱ་ཚིག
Definition བསོད་ནམས་དང་ཆུ་སོགས་ཟད་པའི་དོན།
Transitive བྱ་བྱེད་ཐ་མི་དད་པ།
Future [བྲི།, མཐོ་སྒང་གི་ཆུ་རྣམས་འབྲི་ཉེན་ཆེ།]
Present [འབྲི།, ཚད་པ་ཆེ་བས་ཆུ་བོ་འབྲི་བཞིན་འདུག]
Past [བྲི།, རྫིང་བུ་རྣམས་བྲི་འདུག་ལྟ་བུ།]