68849

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་གུང་ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས་དཔལ་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་མེ་ལུག་ཕྱི་ལོ ༡༥༤༧ ལོར་རྒྱ་མ་ཁྲི་ཁང་དུ་ཡབ་རྗེ་རིན་ཆེན་ཕུན་ཚོགས་དང་། ཡུམ་རིག་འཛིན་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། དགུང་ལོ་བདུན་པར་འབྲི་གུང་དུ་ཡབ་རྗེ་རིན་ཆེན་ཕུན་ཚོགས་ལས། འབྲི་གུང་བཀའ་བརྒྱུད་པའི་ཟབ་ཆོས་རྣམས་ཀྱི་དབང་ལུང་མན་ངག་མ་ལུས་གསན། བཅུ་གཉིས་པར་ཁུ་བོ་རིན་ཆེན་རྣམ་རྒྱལ་ལས་རབ་ཏུ་བྱུང་། ལོ་པ་ཆོས་གྲགས་རྒྱལ་མཚན་ལས་གསར་མའི་ཆོས་སྐོར་མང་དུ་གསན། ཀོང་པོ་སོགས་སུ་ཆོས་འཁོར་བསྐོར། རྟེན་གསུམ་མང་དུ་བཞེངས། འབྲི་གུང་བྱང་ཆུབ་གླིང་གི་གདན་ཁྲིར་ཕེབས། འབྲི་གུང་གདན་ས་ཆོས་སྲིད་གཉིས་ཀྱིས་བསྐྱངས། དཔོན་ས་གཡང་ཁུག་བྱ་བ་མཁའ་འགྲོ་མ་ཞིག་ཡུམ་དུ་བཞེས། རིགས་སྲས་དཀོན་མཆོག་ཕུན་ཚོགས་དང་། དཀོན་མཆོག་རིན་ཆེན་བཅས་ཆོས་རྗེ་རྣམ་གསུམ་འཁྲུངས། ང་ལྔ་པར་གཞུ་སྨད་ཕུ་གུ་གདོང་དུ་རྫོང་གསར་བཀྲ་ཤིས་བཏབ། ང་དྲུག་པ་རབ་བྱུང་བཅུ་པའི་ཆུ་སྟག་ཕྱི་ལོ ༡༦༠༢ ལོར་ཡངས་རི་སྒར་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་ཉི་ཤུ་པ་ཡིན། སློབ་མ་གྲགས་ཆེ་བ་ནི་བླ་མ་སངས་རྒྱས་རིན་ཆེན་དང་། མཁན་ཆེན་རྣམ་འཇོམས་ཕུན་ཚོགས། སྤྲུལ་སྐུ་བསྟན་འཛིན་ཕུན་ཚོགས། ནག་ཤོད་ཤཱཀྱ་རིན་ཆེན། རྔོད་བཀྲ་ཤིས་དར་རྒྱས། ཏི་སེ་རྡོར་འཛིན་ངག་དབང་རྣམ་རྒྱལ། ལ་ཕྱི་རྡོར་འཛིན་ཀུན་དགའ་དཔལ་ལྡན། མགར་བསྟན་འཛིན་ཕུན་ཚོགས་བཅས་མང་དུ་བྱོན།