68850
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་ལྕགས་གླང་ཕྱི་ལོ ༡༤༢༡ ལོར་འབྲི་གུང་གཞུ་སྟོད་དུ་ཡབ་རྗེ་རིན་ཆེན་དབང་རྒྱལ་དང་། ཡུམ་དཔལ་འདྲེན་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་སྦྱོར་གསུམ་མཁྱེན། ལྔ་ལྡན་གྱི་རྩ་ཚིག་སོགས་ཐུགས་སྐྱོར་མཛད། བཅོ་ལྔ་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་ཁྲིར་བཞུགས། ཆོས་སྲིད་གཉིས་ཀྱི་འགན་ཁུར། མངའ་རིས་རྒྱལ་པོའི་སྲས་མོ་ཆོས་རྒྱལ་བཟང་མོ་ཁབ་ཏུ་བསུས། རིགས་སྲས་རིན་ཆེན་ཆོས་ཀྱི་རྒྱལ་པོ་འཁྲུངས། མགར་ལུང་ནས་བདག་ཡུམ་ཆུང་བ་ཞིག་བཞེས། རིགས་སྲས་རིན་ཆེན་ཆོས་ཀྱི་རྒྱལ་མཚན་འཁྲུངས། འབྲི་གུང་དུ་རྟེན་གསུམ་མང་དུ་བཞེངས། གྲུབ་རྟགས་སྣ་ཚོགས་བསྟན། ཞེ་དགུ་པ་རབ་བྱུང་བརྒྱད་པའི་ས་གླང་ཕྱི་ལོ ༡༤༦༩ ལོར་མཚེའུ་ཁ་བདེ་ལྡན་ཕོ་བྲང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་གསུམ་པ་ཡིན། |