68852
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡབ་ཕག་མོ་གཅུང་རིན་པོ་ཆེ་དང་ཡུམ་ཧོར་བཟའ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རས་སྐྱུ་ར་ཡིན། འཁྲུངས་ལོ་མི་གསལ། ཆུང་དུས་ནས་ཁུ་བོ་རིན་ཆེན་རྣམ་རྒྱལ་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་། རིན་ཆེན་བསོད་ནམ་དཔལ་གྱི་རྒྱ་མཚོ་གཉིས་ལས་རབ་ཏུ་བྱུང། མཚན་ལ་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ། མཁན་པོ་དེ་གཉིས་ལས་བཀའ་བརྒྱུད་གོང་མའི་ཐུན་མིན་གདམས་ངག་མ་ལུས་པར་ཐུགས་བརྩོན་གནང་། རབ་བྱུང་བཅུ་པའི་ལྕགས་རྟ་ཕྱི་ལོ ༡༥༧༠ ལོར་འབྲི་གུང་བྱང་ཆུབ་གླིང་གི་གདན་ཁྲིར་བཞུགས། གཙུག་ལག་ཁང་དང་། བཀྲ་ཤིས་སྒོ་མང་དངུལ་ལས་གྲུབ་པ་རྟེན་མང་དུ་བཞེངས། ཉེར་གསུམ་པར་སྐུ་གཤེགས། འདས་ལོ་མི་གསལ། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་དགུ་པ་ཡིན། མཚན་གཞན། ཕྱོགས་ཀས་རྣམ་རྒྱལ། |