68855
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕག་མོ་གྲུ་པའི་དངོས་སློབ་སྐྱོབ་པ་འཇིག་རྟེན་མགོན་པོ་རིན་ཆེན་དཔལ་གྱིས་དགུང་ལོ་སོ་དགུ་པ་རབ་བྱུང་གསུམ་པའི་ས་ཕག་ཕྱི་ལོ་ ༡༡༧༩ ལོར་ཕྱག་བཏབ། སྐྱོབ་པ་རིན་པོ་ཆེ་ཞལ་བཞུགས་སྐབས་གཉོས་རྒྱལ་བ་ལྷ་ནང་པས་འབུལ་མོ་ཆེ་དང༌། བུ་རམ་གྱི་སྐུ་འགྱེད་ཕུལ་སྐབས་དགེ་འདུན་ཁྲི་ལྔ་ལྷག་ཙམ་འདུས། བྱང་གླིང་གི་བྲག་སེང་གེ་སྤུངས་པའི་ཐད་དུ་གཙུག་ལག་ཁང་གསར་དུ་བཞེངས། ཚོགས་པ་འདུས་ཆེ་ཤོས་ཀྱི་སྐབས་ཁྲི་བཅོ་བརྒྱད་ལྷག་ཙམ་བྱུང་བ་བཅས་དེ་ལྟ་བུ་ནི་བོད་འདིར་དེ་སྐབས་ལ་མ་གཏོགས་བྱུང་མ་མྱོང༌། ཆོས་བཀའ་ཞུས་གྲུབ་རྗེས་གོང་གསལ་གནས་ཆེན་ཁག་གསུམ་ལ་རི་པ་ཁྲི་ཁ་ཤས་རེ་གཏོང་གནང་མཛད་པ་སོགས་ནི་སྐབས་དེ་དང་དེའི་རྗེས་ཀྱི་གནས་ཚུལ་གང་གི་ཐད་ནས་བཤད་ཀྱང་བསམ་ཡས་ལས་འདས་པ་ཞིག་ཡིན། གཅུང་རིན་པོ་ཆེ་རྡོ་རྗེ་གྲགས་པ་དགུང་ལོ་ཞེ་དྲུག་པ་རབ་བྱུང་བཞི་པའི་ཤིང་ཡོས་ཕྱི་ལོ ༡༢༥༥ ལོར་ལྷ་ཁང་ཆེན་མོ་ཀ་བ་བརྒྱ་དང་བརྒྱད་ཅུ་བ་བཞེངས་ཤིང༌། རབ་གནས་ཀྱི་སྐབས་དགེ་སློང་སྡོམ་ལྡན་ཁྲི་ཕྲག་བཅུ་གསུམ་ཙམ་འཚོགས་པ་བྱུང༌། དེ་ནས་གདན་རབས་བདུན་པ་སྣུབས་རྡོ་རྗེ་ཡེ་ཤེས་དགུང་ལོ་རེ་དྲུག་པ་ས་བྱི་ཕྱི་ལོ་ ༡༢༨༨ ལོར་ས་འབྲི་དམག་འཁྲུགས་ལས་འབྲི་གུང་པ་ཕམ། རབ་བྱུང་ལྔ་པའི་མེ་སྤྲེལ་ཕྱི་ལོ ༡༢༩༦ ལོར་འབྲི་གུང་གདན་ས་ཉམས་གསོ་དང་དེ་རྗེས་ཐོག་ཁ་གསེར་ཁང༌། བླ་གཡེལ་ཆེན་མོ། སྒོ་མང་ལྷ་ཁང༌། དགེ་འདུན་སྟོང་དང་བརྒྱ་བཞུགས་པའི་གྲྭ་ཤག་བཅས་ལོ་བདུན་གྱི་ནང་གྲུབ། རྒྱུན་གཏན་ཆོ་ག་ཕྱག་ལེན་ནི་བླ་མཆོད་དང༌། ཀུན་རིག ཕག་མོ། ཞི་ཁྲོ་ཡང་ཟབ། བདེ་མཆོག མི་འཁྲུགས་པ་སོགས་ཀྱི་སྐོར་ཡིན་འདུག ལོ་ལྟར་ཆོས་ཀྱི་བྱེད་སྒོ་དང་འབྲེལ་བའི་ཚོགས་འཛོམས་ཀྱི་དུས་ཆེན་ནི་བོད་ཟླ ༡ ཚེས ༡ ནས་ཚེས ༡༥ བར་ཡང་གཟབ་དུས་ཆེན་དང༌། བོད་ཟླ་ ༣ ཚེས ༡༩ ནས་ཚེས་ ༢༩ བར་སོས་གཏོར་གྱི་མགོན་པོའི་གཏོར་རྒྱག་བཀའ་བརྒྱད་གཏོར་ཟློག་གར་འཆམ་ཉིན་གཉིས། བོད་ཟླ་ ༡༡ ཚེས་ཚེས ༥ ནས་ཟླ ༡༢ ཚེས་༥ བར་རྒྱལ་པོ་སྲོང་བཙན་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་མ་ཎི་བུམ་སྒྲུབ། དེ་སྐབས་ཁུལ་ཡས་མས་གང་ས་ནས་མང་ཚོགས་མང་པོ་ཡོང་ནས་མ་ཎིའི་དབང་བསྐུར་དང་བྱིན་རླབས་ཞུ་སྲོལ་ཡོད། བོད་ཟླ་ ༡༢ ཚེས་ ༡༨ ནས་ཟླ་༡ ཚེས་ ༥ བར་བཀའ་བརྒྱད་སྒྲུབ་མཆོད་བཅས་དང༌། དགོན་པའི་གཏོང་སྒོའི་རྩ་བའི་འགན་འཁུར་སྤྱི་སོ་ཞེས་འཁྲི་ཁུངས་བླ་ཁག་དྲུག་སྟེ། ལྕང་ཅན། ནུབ་པ། ཆོས་སྒོ། ཆེ་བརྒྱུད། སོག་ཚང༌། ཨ་དགོན་བཅས་ནས་ལོ་གསུམ་རེ་རེས་འཁོར་གྱིས་སྔར་གཏོང་དེབ་ནང་གསལ་དུས་ཐོག་སོ་སོར་གཏོང་སྒོ་གཏོང་དགོས་ཀྱི་ཡོད། སྐྱོབ་པ་རིན་པོ་ཆེས་འབྲི་གུང་མཐིལ་དུ་མཁན་ཆེན་གུ་ར་བ་གདན་སར་བསྐོས་པ་ནས་བཟུང་གདན་རབས་རིམ་པར་བྱོན་པ་དང༌། གདན་རབས་ཉེར་གསུམ་པ་རིག་འཛིན་ཆོས་གྲགས་ནས་སྐྱེ་སྤྲུལ་ངོས་འཛིན་ཞུ་སྲོལ་དར། |