68858
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བརྒྱད་པའི་ས་སྦྲུལ་ཕྱི་ལོ ༡༤༤༩ ལོར་འབྲི་གུང་གཞུ་སྟོད་དུ་ཡབ་རྗེ་ཆོས་རྒྱལ་རིན་ཆེན་དཔལ་བཟང་དང་། ཡུམ་མགར་བཟའ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་འབྲུག་ཕྱི་ལོ ༡༤༨༡ ལོར་འབྲི་གུང་དུ་སྐུ་གཤེགས། ཆུང་དུས་ནས་སློབ་དཔོན་རིན་ཆེན་འོད་བསྟེན། ཕྱི་ནང་ཐུན་མོང་གི་རིག་གནས་ལ་སྦྱངས། ཉི་ཤུ་བར་མཁན་པོ་བཤེས་གཉེན་བཟང་པོ་སོགས་ལས་རབ་བྱུང་དང་། དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས། འདུལ་གཞུང་སོགས་ལ་ཐོས་བསམ་མཛད། ཉེར་གཅིག་པར་ཀོང་པོ་དང་། འོག་ཤོད། དྭགས་པོ་སོགས་སུ་ཕེབས། ཆོས་འཁོར་རྒྱ་ཆེར་བསྐོར། འབྲི་གུང་དུ་བྱོན། ཡབ་རྗེའི་དགོངས་རྫོགས་སུ་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་སྐུ་ཞིག་བཞེངས། ཆོས་འཁོར་སྒང་དུ་མཆོད་རྟེན་ཆེན་པོ་བཞེངས། གདུང་རྒྱུད་སྤེལ་བ་ཞུས་ངོར་ཚུལ་ཁྲིམས་ཀྱི་སྡོམ་པ་ཕུལ། མགར་བཟའ་རིན་ཆེན་དཔལ་མོ་ཁབ་ཏུ་བཞེས། རིག་སྲས་རིན་ཆེན་རྣམ་རྒྱལ་དང་། རྒྱལ་དབང་ཀུན་དགའ་རིན་ཆེན། ཆོས་ཀྱི་རྒྱལ་པོ་བསྟན་པ་རྒྱལ་མཚན། སྲས་མོ་འགྲོ་བའི་སྒྲོལ་མ་བཅས་འཁྲུངས། ཚུལ་ཁྲིམས་ཀྱི་སྡོམ་པ་བསྐྱར་དུ་ཞུས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲིར་བཞུགས། སོ་དྲུག་པ་རབ་བྱུང་བརྒྱད་པའི་ཤིང་འབྲུག་ཕྱི་ལོ ༡༤༨༡ ལོར་འབྲི་གུང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་བཞི་པ་ཡིན། མཚན་གཞན། ཆོས་རྗེ་བཅོ་ལྔ་པ། |