68859

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་གུང་རིན་ཆེན་དབང་རྒྱལ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཤིང་ཕག་ཕྱི་ལོ ༡༣༩༥ ལོར་འབྲི་གུང་གཞུ་སྨད་དུ་ཡབ་དོན་གྲུབ་རྒྱལ་པོའི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། ཆུང་དུས་ནས་ཕྱི་ནང་ཐུན་མོང་གི་རིག་གནས་དང་དྲག་རྩལ་བཅས་ལ་སྦྱངས། སྐུ་ན་སོན་རྗེས་འབྲི་གུང་ཁྲི་སྐོར་གྱི་ཁྲི་དཔོན་མཛད། སྨིན་ལེགས་དཔལ་འདྲེན་ཁབ་ཏུ་བཞེས། རིགས་སྲས་ཆོས་རྒྱལ་རིན་ཆེན་དཔལ་བཟང་འཁྲུངས། ཏཱ་མིན་གོང་མས་ཝང་གི་ཆོ་ལོ་དང་འཇའ་ས་ཕུལ། མཚན་དུ་བདག་པོ་ཝང་ཞེས་གྲགས།ནག་སོག་གིས་འབྲི་གུང་ལ་དམག་འདྲེན་དུས་འདིས་དམག་དཔོན་མཛད་ནས་རྒོལ་ལན་སྤྲད་དེ་རྣམ་པ་རྒྱལ། ངེས་འབྱུང་གི་བློ་སྐྱེས་ཏེ་ཡབ་རྗེ་དོན་གྲུབ་རྒྱལ་པོ་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་དཀྱུས་གཅིག་ཏུ་མནོས། མཚན་ལ་རིན་ཆེན་དབང་རྒྱལ་ཞེས་གསོལ། བཀའ་བརྒྱུད་གོང་མ་རྣམས་ཀྱི་ཟབ་མོའི་གདམས་ངག་མ་ལུས་གསན། སྐུ་མཚམས་ལོ་བཅུ་གཅིག་རིང་བཞུགས། རྟོགས་པའི་ཡོན་ཏན་བརྙེས། སོ་གསུམ་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཀྲི་ལ་བཞུགས། གདན་ས་ཟླ་བ་ཕྱེད་གཉིས་རིང་བསྐྱངས། རྒྱ་ནག་རི་བོ་རྩེ་ལྔར་བྲོས། སྒྲུབ་པ་ཉམས་ལེན་ལ་གཞོལ། འདས་ལོ་མི་གསལ འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་གཉིས་པ་ཡིན།